འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཕེང་ཅི་ཚའེ་ཡིས་གསུངས་དོན་སྲོལ་རྒྱུན་གྲོང་སྡེར་ཡུལ་སྐོར་གསར་སྤེལ་བྱེད་དྲགས་རྒྱུ་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ང་ཚོས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གྲོང་སྡེ་ལོ་རེ་གཉིས་ནང་གཏོར་བརླག་གཏོང་མི་རུང་། ཤེས་དཔལ་རྒྱུན་འཛིན་བྱ་རྒྱུ་ནི་དཔལ་འབར་བརྒྱུད་སྤྲོད་ལྟར་མེ་ལྕེ་ཡུན་དུ་གནས་ཐུབ་པ་བྱེད་དགོས”ཞེས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨུ་ཡོན་ཕེང་ཅི་ཚའེ་ཡིས་ཉེ་ཆར་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་གོང་གསལ་གྱི་བཀའ་མོལ་དེ་གསུངས་པ་རེད།
           ཁོང་གིས། མིག་སྔར་སྲོལ་རྒྱུན་གྲོང་སྡེར་གནད་དོན་མངོན་གསལ་དོད་པོ་གཉིས་གནས་ཡོད་པའི་ངོས་འཛིན་གནང་བ་སྟེ། གཅིག་ནི་གཞིས་སྲུང་ཅན་དུ་འགྱུར་བ་དང་། གཅིག་ཤོས་ནི་ཡུལ་སྐོར་གསར་སྤེལ་བྱེད་དྲགས་པ་དེ་རེད།
          སྲོལ་རྒྱུན་གྲོང་སྡེར་ཡུལ་སྐོར་གསར་སྤེལ་བྱ་རྒྱུའི་ཐད་ཕེང་ཅི་ཚའེ་ཡིས“མིག་སྔར། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་བྱ་རྒྱུའི་ཐད་ཚད་གཞི་ནན་པོ་མེད་པ་མ་ཟད། ཐ་ན་བྱ་ཐབས་ཀྱང་མེད། གྲོང་མིར་སོ་སོའི་གྲོང་སྡེ་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་མེད་ལ། རང་ཉིད་ཀྱི་མི་རབས་ནས་མི་རབས་གནས་དེར་འཚོ་སྡོད་བྱེད་ཀྱི་ཡོད་ཀྱང་ཁོང་ཚོས་གྲོང་སྡེའི་རིན་ཐང་རྟོགས་ཀྱི་མེད་པར་བརྟེན་ཡུལ་སྐོར་གསར་སྤེལ་བྱས་ཚེ་གྲོང་སྡེ་གཏོར་བརླག་འགྲོ་སླ་པོ་ཡོད”ཅེས་གསུངས་པ་རེད།
           ཕེང་ཅི་ཚའེ་ཡིས། འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ལམ་སྲོལ་འཛུགས་ནས་སྲུང་སྐྱོང་བྱ་རྒྱུ་རྨང་གཞིར་མི་བྱེད་པའི་ཡུལ་སྐོར་གསར་སྤེལ་འཆར་གཞིར་ཆོག་མཆན་སྤྲོད་རྒྱུ་མེད་པ་དང་། དུས་མཚུངས་གྲོང་སྡེ་སྲུང་སྐྱོང་ཡག་པོ་བྱ་ཆེད་ས་གནས་སྲིད་གཞུང་གིས་མི་སེར་ཚོར་མངོན་ཡོད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཡག་པོ་བྱེད་རོགས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།