འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ལོ་སར་སྤྲོ་
    ཚོགས་གཟབ་རྒྱས་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་01ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ལོ་སར་སྤྲོ་
ཚོགས་གཟབ་རྒྱས་ངང་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་27ཉིན་ཏེ་བོད་གནམ་ལོ་གསར་ཚེས་ཀྱི་ཉིན་དང་པོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ལོ་སར་སྤྲོ་ཚོགས་སློབ་ཆེན་གྱི་སློབ་མའི་བྱེད་སྒོ་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད། ལོ་སར་སྤྲོ་ཚོགས་སུ་པེ་ཅིང་གྲོང་ཁྱེར་མི་རིགས་མཐུན་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཀྲང་ཞུའེ་པིན་(张学斌)དང་། སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏའོ་པོ་(刀波)དང་། སློབ་གྲྭའི་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཏུའུ་ལིན་(杜林)དང་། སློབ་གྲྭའི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུས་ཙི་ཏུང་(余梓东)དང་། སློབ་ཁུལ་གསར་པ་འཛུགས་སྐྲུན་བཀོད་འདོམས་པུའུ་ཡི་ཕྱོགས་བསྡུས་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོའུ་ཐིའེ་ཧའེ་(周铁海)དང་། སློབ་གྲྭའི་གུང་གཞོན་ཚོགས་པའི་ཧྲུའུ་ཅི་གཞོན་པ་ཧྥན་པོ་(樊博)དང་། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར་དང་། བོད་རིག་པ་ཞིབ་འཇུག་སློབ་གླིང་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་པའོ་ཡུང་ཀུའེ་(包永贵)དང་། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་གཞོན་པ་བཀྲ་བྷ་དང་། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཧྲུའུ་ཅི་གཞོན་པ་ཚུང་ཅིན་(丛静)དང་། སློབ་གྲྭར་ཡོད་པའི་བོད་རིགས་དགེ་སློབ་ཚང་མ་དང་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་མི་རིགས་ཁག་གི་དགེ་སློབ་ཚང་མ་བཅས་ཞུགས་ཡོད་པ་རེད།
         ལོ་སར་སྤྲོ་ཚོགས་ནི་གངས་ལྗོངས་རིག་གནས་སྤེལ་རེས་ཡར་སྐུལ་མཐུན་ཚོགས་ཀྱི་བསམ་གྲུབ་མཚོ་མོ་སོགས་ཀྱིས་《ཁམས་པའི་མི་》ཞེས་པའི་ཞབས་བྲོ་འཁྲབ་སྟོན་བྱས་པ་ནས་འགོ་བརྩམས་པ་དང་། དེ་ནས་པེ་ཅིང་གྲོང་ཁྱེར་མི་རིགས་མཐུན་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཀྲང་ཞུའེ་པིན་དང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏའོ་པོ་གཉིས་ཀྱིས་ཤིས་ཚིག་གསུངས་ནས་སློབ་གྲྭའི་མི་རིགས་ཁག་གི་དགེ་སློབ་ཚང་མར་བཀྲ་ཤིས་སྨོན་འདུན་ཕུལ་བ་དང་ཆབས་ཅིག་ལོ་གསར་པའི་ནང་གི་རེ་བ་ཡང་བཏོན་པ་རེད།
          ལོ་སར་སྤྲོ་ཚོགས་འགོ་བརྩམས་རྗེས། བོད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རྡུང་ལེན་《ཨ་ཞང་ལོ་ལོ་》ཞེས་པ་དང་། སོག་རིགས་ཀྱི་ཞབས་བྲོ་《ཡོས་ཧུར་》ཞེས་པ། ཧ་སག་རིགས་ཀྱི་ཞབས་བྲོ་《རྔོན་པ་དང་ཤྭ་བ་》ཞེས་པ། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཞབས་བྲོ་《གངས་རིའི་ཞབས་བྲོ་》ཞེས་པ་དང་། གླུ་གཞས་《རྒྱང་བཞུད་》ཅེས་པ་དང་《བཀྲ་ཤིས་པའི་ཁ་བཏགས་》ཞེས་པ། 《བཀྲ་ཤིས་བསྟོད་གླུ་》ཞེས་པ་སོགས་རྒྱ་ཆེའི་དགེ་སློབ་གཟིགས་མོ་བ་ཡོངས་ལ་གནམ་ལོ་གསར་ཚེས་སྐབས་ཀྱི་བཀྲ་ཤིས་ཁ་གཡང་གི་ཚུལ་དུ་ཕུལ་བ་རེད། བྲོ་གཞས་འཁྲབ་སྟོན་གྱི་ཁྲོད་དུ། ད་དུང་འཕྲིན་ཕྲན་ནས་རྒྱན་ལེན་གྱི་ལེ་ཚན་བསྣན་ཡོད་ཅིང་། སྤྲོ་ཚོགས་སུ་ཞུགས་པའི་སྐུ་མགྲོན་གྱིས་གཟིགས་མོ་བ་དྲུག་ཅུ་བདམས་ནས་ལོ་གསར་གྱི་ལེགས་སྐྱེལ་ཕུལ་བ་རེད།
           ལོ་སར་སྤྲོ་ཚོགས་མཇུག་རྫོགས་རྗེས། དགེ་སློབ་ཚང་མ་མཉམ་དུ་སློབ་མའི་གསོལ་ཁང་དུ་ཕེབས་ཏེ་གནམ་ལོ་གསར་ཚེས་ཀྱི་གསོལ་སྟོན་ལ་རོལ་བ་རེད། དྲི་ཞིམ་ལ་བྲོ་བ་བཟང་བའི་འོ་ཇ་དང་། མངར་བཅུད་ཚང་བའི་ཞལ་ཟས། སྤྲོ་སྐྱིད་ལྡན་པའི་དུས་ཆེན་བཅས་ཀྱིས་མི་ཚང་མའི་གདོང་ལ་འཛུམ་གྱིས་ཁེངས་པར་བྱས་ཡོད་ལ། གསོལ་སྟོན་སྐབས། བོད་རིག་པ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་ཚེ་རིང་ཐར་ལགས་ཀྱིས་དགེ་སློབ་ཡོངས་ལ་གནམ་ལོ་གསར་ཚེས་སྐབས་ཀྱི་བཀྲ་ཤིས་སྨོན་འདུན་ཕུལ་བ་རེད།
    【1】  【2】  【3】  【4】
    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ལོ་སར་སྤྲོ་
ཚོགས་གཟབ་རྒྱས་ངང་འཚོགས་པ།
    ༄༅།།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ་ལོའི་ལོ་སར་སྤྲོ་
ཚོགས་གཟབ་རྒྱས་ངང་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།