འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཡིས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་ཁབ་འཕེལ་
    རྒྱས་འགྲོ་བ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཕྱིར་དུས་རབས་གསར་པའི་
    ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཡིས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱལ་ཁབ་འཕེལ་
རྒྱས་འགྲོ་བ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཕྱིར་དུས་རབས་གསར་པའི་
ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན་གྱི་ཆུ་ཚོད་15ཐོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུའི་ཐོག་སྲིད་གྲོས་ཨུ་ཡོན་མང་པོ་ཞིག་གིས་འབྲེལ་ཡོད་གྲོས་གཞིའི་སྐོར་གཏམ་བཤད་སྤེལ་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཡིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་དུས་སྐབས་རེ་རེའི་ཆོས་ལུགས་ལ་དུས་སྐབས་དེའི་སྐབས་ཀྱི་འཕེལ་རྒྱས་དགོསའདུན་དང་མཐུན་པའི་ལོ་རྒྱུས་ལས་འགན་ཡོད་པ་རེད། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཐོག་ནས་ངས་ང་ཚོའི་དུས་སྐབས་འདིའི་ལོ་རྒྱུས་ཀྱི་ལས་འགན་ནི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་དམངས་ཕན་བྱས་ཏེ་མིའི་རིགས་ལ་བདེ་སྐྱིད་བརྩོན་གཉེར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ནུས་ཤུགས་གང་ཡོད་དབུལ་དགོས་པ་དེ་ཡིན་ཞེས་གསུངས་པ་རེད།
         ནང་བསྟན་གསར་དུ་བཏོད་པ་ནས་བཟུང་དེས་མིའི་རིགས་ཀྱི་བསམ་པའི་བྱང་ཚད་དང་ཀུན་སྤྱོད་བློ་སྐྱོང་མཐོར་འདེགས་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུང་གོའི་ནང་བསྟན་གྱིས་ཐོག་མཐའ་བར་གསུམ་དུ་བྱམས་སྙིང་རྗེ་དང་ཞི་མཐུན་ཞི་བདེ་བྱ་རྒྱུ་ཆོས་ཀྱི་སྙིང་པོ་དང་འདུ་ཤེས་སུ་བཟུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་ཆོས་ལུགས་སྲིད་ཇུས་དང་། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་གྱི་མཛུབ་སྟོན་འོག ཆོས་ལུགས་ལས་རིགས་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ནང་བསྟན་གྱིས་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོ་བར་ནུས་པ་འདོན་སྤེལ་བྱེད་ཐུབ་པ་སྟེ། དད་ལྡན་མང་ཚོགས་ཀྱིས་ཏང་གི་དབུ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། ཀྲུང་ཧྭ་མི་རིགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། དད་ལྡན་མང་ཚོགས་སྐུལ་སློང་ནུས་ལྡན་བྱས་ཏེ་རང་རྟོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པར་བྱེད་ཐུབ་ལ། སྤྱི་ཚོགས་ཀུན་སྤྱོད་ལེགས་སྤེལ་དང་གུས་ཤིང་སྐྲག་པའི་སེམས་པ་ལྡན་ཤུགས་ཆེ་རུ་འགྲོ་བར་སྐུལ་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་ཆོས་ལུགས་ལས་རིགས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་ཡང་བྱེད་ཐུབ་ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།