འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླའི་ཇ་སྟོན་ཚོགས་འདུ་འཚོགས་
    ནས་བོད་ཀྱི་ལོ་གསར་དགའ་བས་བསུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླའི་ཇ་སྟོན་ཚོགས་འདུ་འཚོགས་
ནས་བོད་ཀྱི་ལོ་གསར་དགའ་བས་བསུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླའི་2017ལོའི་བོད་ཀྱི་ལོ་གསར་བསུ་བའི་ཇ་སྟོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།
          སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཚུའེ་པའོ་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་ཚབ་གནང་སྟེ་ཚོགས་འདུར་ཞུགས་པའི་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླ་རྣམས་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་དེ་སི་ཁྲོན་ཞིང་ཆེན་གྱི་རྒྱ་ཆེ་བའི་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་གྱི་སྨོན་ཚིག་དང་འཚམས་འདྲི་ཞུས་པ་རེད། ཚུའེ་པའོ་ཧྭ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་བོད་ཁུལ་གྱི་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་དེ་བས་གལ་འགངས་ཆེ་བའི་གོ་གནས་སུ་བཞག་སྟེ་འཕེལ་རྒྱས་དང་། དམངས་འཚོ། བརྟན་ལྷིང་བཅས་དོན་ཆེན་གསུམ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཤུགས་གང་ཡོད་བསྒྲིམས་ནས་སྤྱི་ཡོངས་ཀྱི་དམག་འཐབ་བྱས་པས། སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཞིང་། སྤྱི་ཚོགས་ཁྱོན་ཡོངས་སྤྱི་ཡོངས་ནས་བརྟན་ལྷིང་ཡིན་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ལོ་རྒྱུས་ཐོག་གི་འཕེལ་རྒྱས་དུས་སྐབས་བཟང་ཤོས་སུ་བསྐྱོད་པས། སི་ཁྲོན་བོད་ཁུལ་ཅ་ཅོ་མེད་པར་རྩ་བའི་རང་བཞིན་གྱི་ལོ་རྒྱུས་འགྱུར་ལྡོག་འབྱུང་བཞིན་ཡོད་ཅེས་གསུངས་པ་རེད།
         ཚུའེ་པའོ་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་རྒྱལ་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླའི་སྐོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་དཀའ་ངལ་ཐག་གཅོད་བྱ་རྒྱུ་དང་། རྒྱལ་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་སེམས་སུ་འཆང་བཞིན་ཡོད། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱིས་བཏོན་པའི་བླང་བྱ་ལྟར། འབྱུང་འགྱུར་སི་ཁྲོན་ཞིང་ཆེན་གྱིས་ད་དུང་རྒྱལ་ཕྱིར་ཡོད་པའི་བོད་རིགས་སྤུན་ཟླ་རྒྱལ་ནང་དུ་འཚམས་འདྲི་ཞུ་བ་དང་གཞིས་སྡོད་བྱེད་པར་ཡོང་བའི་སྐོར་གྱི་ལས་ཀ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད། 
         སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླ་དང་རྒྱལ་ཕྱི་ནས་འཚམས་འདྲི་བྱེད་པར་ཡོང་བའི་བོད་རིགས་སྤུན་ཟླ་40ལྷག་ཇ་སྟོན་ཚོགས་འདུར་ཞུགས་ཤིང་། ཇ་སྟོན་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་པའི་འཐུས་ཚབ་ཚོས་གཅིག་རྗེས་གཉིས་མཐུད་དུ་ཚང་མ་མཉམ་དུ་འཛོམས་ཏེ་གནམ་ལོ་གསར་ཚེས་བསུ་བར་དགའ་སྤྲོ་དཔག་མེད་བྱུང་བ་དང་། རྒྱལ་ནང་དུ་ལོག་པ་ནས་བཟུང་ཁོང་ཚོས་ཀྱིས་ཀྱང་མེས་རྒྱལ་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་དངོས་སུ་མྱོང་ཚོར་བྱུང་ཞིང་། མ་འོངས་པར་ཚང་མས་མཉམ་གཅིག་ཏུ་མེས་རྒྱལ་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླའི་ཇ་སྟོན་ཚོགས་འདུ་འཚོགས་
ནས་བོད་ཀྱི་ལོ་གསར་དགའ་བས་བསུ་བ།
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླའི་ཇ་སྟོན་ཚོགས་འདུ་འཚོགས་
ནས་བོད་ཀྱི་ལོ་གསར་དགའ་བས་བསུ་བ།
    ༄༅།།སི་ཁྲོན་ཞིང་ཆེན་གྱིས་རྒྱལ་ཕྱི་ནས་ལོག་པའི་བོད་རིགས་སྤུན་ཟླའི་ཇ་སྟོན་ཚོགས་འདུ་འཚོགས་
ནས་བོད་ཀྱི་ལོ་གསར་དགའ་བས་བསུ་བ།
      

    ཕྱོགས་བསྡུས་གསར་འགྱུར།