འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་ཨུ་ཡོན་གྱིས་ནུབ་རྒྱུད་མཐོ་སློབ་ཁག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་
    འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་ཉིང་ཞ་དང་ཧྲའན་ཤིས་སོགས་ནུབ་རྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གི་སྲིད་གྲོས་ཨུ་ཡོན་གྱིས“རྩེ་གྲ་གཉིས”འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་འོག ནུབ་རྒྱུད་མཐོ་སློབ་ཁག་གི་རིག་གཞུང་ཚན་ཁག་འཛུགས་སྐྲུན་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིང་ཞ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་མཱ་ཙུང་པའོ་ཡིས། འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་རིག་གཞུང་ཚན་ཁག་རྩེ་གྲ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་སུ་ལག་བསྟར་བྱས་པའི་འཐབ་ཇུས་གལ་ཆེན་གཞན་ཞིག་ཡིན་པས། རང་རྒྱལ་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། “རྩེ་གྲ་གཉིས”འཛུགས་སྐྲུན་གྱི་གྲུབ་འབྲས་ནི་མཐོ་སློབ་སྟོབས་ཆེན་སྔར་བས་སྟོབས་ཆེན་དུ་འགྱུར་དགོས་པ་ཡིན་མོད། ཡིན་ན་ཡང་མཐོ་སློབ་ཉམས་ཞན་ཁག་ཧ་ཅང་ཉམས་ཞན་དུ་འགྱུར་མི་ཉན་ཞེས་གསུངས་ཤིང་། ཁོང་གིས། མཐོ་རིམ་སློབ་གསོ་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པའི་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཁག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་སྟེ། དཔེར་ན“ཕྱི་རྒྱལ་གྱི་རིམ་མཐོའི་ཤེས་ལྡན་པ་ནང་འདྲེན་འཆར་གཞིའི་ནུབ་རྒྱུད་ཆེད་དོན་རྣམ་གྲངས”ལྟ་བུ་གཉེར་རྒྱུ་དང་། ནུབ་རྒྱུད་མཐོ་སློབ་ཀྱི་ཕོགས་སྣོན་དང་གསབ་སྣོན་སྣ་ཚོགས་ཀྱི་ལྷན་སྦྱར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།
          “ཤར་ནུབ་རྒྱུད་ཀྱི་མཐོ་སློབ་ཁག་གི་དབར་ཡོན་ཧྲི་གདན་ཉིས་ཞུ་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་གཏོང་བ་དང་། ནུབ་རྒྱུད་ཀྱི་ཞིང་ཆེན་ཁོངས་གཏོགས་མཐོ་སློབ་ཁག་གི་མཆོག་རམས་པ་སྐོར་སྐྱོད་ས་ཚིགས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ‘ཤར་རྒྱུད་ཀྱི་མཐོ་སློབ་ཁག་གི་ཕུལ་བྱུང་འབུམ་རམས་སློབ་ཐོན་པས་ནུབ་རྒྱུད་ལ་རོགས་སྐྱོར་བྱེད་པའི་འཆར་གཞི’ལག་བསྟར་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནུབ་རྒྱུད་མཐོ་སློབ་ཁག་གི་རིག་གཞུང་ཚན་ཁག་འཛུགས་སྐྲུན་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་ཁྲིད་བཏང་ཆོག”ཅེས་མཱ་ཙུང་པའོ་ཡིས་གསུངས་པ་རེད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཤིས་ཨན་བཟོ་སྐྲུན་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཧའོ་ཅི་ཕིང་གིས་ཀྱང་མཱ་ཙུང་པའོ་དང་འདྲ་བར་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱུས་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོ་འཁུར་གནང་གི་ཡོད་པ་སྟེ། ཁོང་གིས། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་སློབ་གསོའི་མ་འཇོག་འགན་སྲུང་སོགས་ཀྱི་ཐད་ནས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་འབོད་སྐུལ་གནང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།