འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གནས་སྤོས་དབུལ་སྐྱོར་བྱེད་གནས་ཐོག་མ་སྟེ་གསུམ་ལྡན་གྲོང་ཚོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 08:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་གནས་སྤོས་དབུལ་སྐྱོར་བྱེད་གནས་ཐོག་མ་སྟེ་གསུམ་ལྡན་གྲོང་ཚོ།
         མི་དམངས་དྲ་བའི་འཕྲིན། དཔྱིད་འགོ་འཆར་བའི་སྐབས་འདིར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་ཉི་འོད་དྲོད་ལ། རྒྱ་ལྕང་གི་མྱུ་གུ་འབུས་པ་རེད། སྐྱིད་ཆུ་འགྲམ་ངོགས་ཀྱི་གསུམ་ལྡན་གྲོང་ཚོ་རུ་མཚམས་རེར་དགོད་སྒྲ་ལྷང་ལྷང་བྱུང་བ་དང་། དུད་ཁྱིམ་སོ་སོ་ནས་དྲི་ཞིམ་ཟས་རིགས་ཀྱི་དྲི་མ་འཐུལ་བཞིན་ཡོད་པ་རེད།
          སྤྱི་ཟླ་2ཚེས་26ཉིན་ནི་བོད་རྩིས་ཀྱི་ཟླ་12ཚེས་30ཉིན་ཡིན་པས། གྲོང་ཚོ་ཡོངས་ཀྱི་མང་ཚོགས་700ལྷག་གིས་རང་ཉིད་ཀྱི་སྡོད་ཁང་གསར་པར་གནས་སྤོས་རྗེས་ཀྱི་གནམ་ལོ་གསར་ཚེས་དང་པོ་བསུ་བ་རེད།
         གསུང་ལྡན་གྲོང་ཚོ་ནི་ཆུ་ཤུར་རྫོང་གི་རྟ་དཀར་ཤང་དུ་ཆགས་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་གནས་སྤོས་དབུལ་སྐྱོར་གྲོང་ཚོ་ཐོག་མ་རེད། གྲོང་ཚོ་གསར་པར་ཁ་དོག་དཀར་ནག་བསྣོལ་ཞིང་ཁྱད་ཆོས་མངོན་གསལ་དོད་པའི་བོད་ལུགས་ཐོག་ཁང་གྲལ་སྟར་བརྒྱབ་ཡོད་པ་དང་། ཨར་འདམ་གྱི་བགྲོད་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་བསྐྲུན་ཡོད་ལ། སྡོད་ཁང་གི་ཁང་སྟེང་དུ་སྐར་ལྔའི་དར་མ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་རེད།
         ལོ་གཅིག་གི་སྔོན་ལ། ས་གནས་འདི་ནི་མེ་འཁོར་ལྕགས་ལམ་འགྲམ་གྱི་རྡེའུ་ཐང་ཞིག་ཡིན་རུང་། གནད་སྨིན་དབུལ་སྐྱོར་གྱི་ཇུས་འགོད་རི་མོ་ཞིག་གིས་གནས་འདིར་རེ་བ་གསར་པ་གནང་བ་རེད།
         ན་ནིང་གི་ཟླ་བ་3པར་ལྡུག་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། ཨར་འདམ་དཀྲུག་འཁོར་བཅས་གནས་འདིར་བཏང་ཡོང་སྟེ་ཨར་ལས་བྱེད་འགོ་བརྩམས་པ་རེད། ལས་གྲྭའི་རྨང་གཞི་འདིང་བ་ནས་ས་ངོས་སྙོམས་པ་དང་། སྡོད་ཁང་རེ་རེ་ས་ངོས་སུ་འགྱེངས་ངེར་ལངས་པ་བཅས་ལ་དུས་ཡུན་ཟླ་བ་གསུམ་ཙམ་ལས་མ་འགོར་བར། དུད་ཁྱིམ་184དང་། དབུལ་ཕོངས་མང་ཚོགས་712སྡོད་གནས་གསར་པར་སྤོས་ཏེ་གཞན་ཡུལ་དུ་གནས་སྤོས་ཀྱི་ཕན་པ་ཐོབ་མཁན་དུ་གྱུར་པ་རེད།
          གྲོང་མི་ཉི་མ་ཚེ་རིང་གི་སྡོད་ཁང་གསར་པར་བསྐྱོད་པ་ན། བོད་ལུགས་ཁྱིམ་ཆས་གཙང་ཞིང་གྲ་འགྲིག་པོར་མགྲོན་ཁང་དུ་བསྒྲིགས་ཡོད་ལ། ཆ་སྒམ་གྱི་ཐོག་ཏུ་་ལུག་མིག་མེ་ཏོག་ཅིག་རྣམ་པར་བཞད་ཡོད་པ་དང་། ཉལ་ཁང་དང་། ཐབ་ཚང་། མཛོད་ཁང་བཅས་བསྣན་ན་ཁྱོན་བསྡོམས་རྒྱ་ཁྱོན་སྨི་གྲུ་བཞི་མ་140ཡོད་པ་རེད། ཉི་མ་ཚེ་རིང་གིས་རང་ཉིད་ལོ་ལྟར་རེ་བཞིན་ཕྱིར་ཞོར་ལས་བྱེད་པར་འགྲོ་བར་བརྟེན་ན། ལོ་ངོ་20འམ་30ལའང་སྡོད་ཁང་འདི་འདྲ་ཞིག་རྒྱག་་ཐུབ་ཀྱི་མ་རེད་ཅེས་བརྗོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།བོད་ལྗོངས་ཀྱི་གནས་སྤོས་དབུལ་སྐྱོར་བྱེད་གནས་ཐོག་མ་སྟེ་གསུམ་ལྡན་གྲོང་ཚོ།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།