འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་3ཚེས་15ཉིན་ནས་བཟུང་《དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་ཚོང་ཟོག་ཉིན་7ནང་ཚུན་
    དུ་རྒྱུ་མཚན་གང་ཡང་ཤོད་མི་དགོས་པར་ཕྱིར་སློག་བྱ་ཐབས་》དངོས་སུ་འདོན་རྒྱུ་ཡིན་པ།

    ཚོགས་འདུ་གཉིས་ཀྱི་རིང་པུའུ་ཀྲང་གིས་གནད་དོན་གླེང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཡིས་ཚེས་10ཉིན་འདི་ལོའི་ཟླ་3ཚེས་15ཉིན་ནས་བཟུང་《དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་ཚོང་ཟོག་ཉིན་7ནང་ཚུན་དུ་རྒྱུ་མཚན་གང་ཡང་ཤོད་མི་དགོས་པར་ཕྱིར་སློག་བྱ་ཐབས་》དངོས་སུ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
          “དྲ་རྒྱ་ནི་ཁྲིམས་མེད་པའི་གནས་མ་ཡིན་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚང་མ་དྲ་རྒྱའི་ཉོ་ཚོང་དང་འཚམ་པས་ང་ཚོས་དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་ཅ་དངོས་ཕྱིར་སློག་བྱ་ཐབས་དང་དྲ་རྒྱའི་བརྡ་ཁྱབ་ཀྱི་ལྟ་སྐུལ་དོ་དམ་བྱ་ཐབས་ཆེད་མངགས་བཟོས་པའི་ནང་《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་》སོགས་ཚུད་པ་ཚང་མ་དྲ་རྒྱའི་ཉོ་ཚོང་དང་འཚམ་ཡོད། ང་ཚོས་ད་དུང་དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་ཚོང་ཟོག་ཉིན་7ནང་ཚུན་དུ་རྒྱུ་མཚན་གང་ཡང་ཤོད་མི་དགོས་པར་ཕྱིར་སློག་བྱ་ཐབས་དེ་བས་ཚགས་ཚུད་དང་དེ་བས་ཞིབ་ཕྲ་ཆེད་མངགས་བཟོས་པ་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཀྲང་མའོ་ཡིས་གསུངས་པ་རེད།
           ཀྲང་མའོ་ཡིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པའི་གནད་དོན་ནི་སྤྱི་ཚོགས་ཐོག་དོ་ཁུར་བྱེད་པའི་གནད་དོན་ཞིག་ཡིན་པ་དང་། རང་རྒྱལ་དུ་དྲ་དམངས་དུང་ཕྱུར་7ཡོད་པའི་ནང་ནས་དུང་ཕྱུར་4.7གྱིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་ཀྱི་ཡོད། ན་ནིང་དྲ་ཐོག་ནས་ཉོ་སྒྲུབ་བྱེད་མང་དུ་མགྱོགས་མྱུར་ཕྱིན་པས་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་5ལས་བརྒལ་ནས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་12.6%བཟུང་ཡོད་ཅེས་གསུངས་པ་རེད།
          ཁོང་གིས“ངས་དྲ་རྒྱའི་དཔལ་འབྱོར་དང་ལྷག་པར་དུ་དྲ་ཐོག་ནས་ཉོ་སྒྲུབ་བྱེད་པ་ནི་དངོས་ཚན་དཔལ་འབྱོར་ཁྱབ་ཁོངས་ནང་ཚུད་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཚོང་ཟོག་ཉོས་པ་ནི་དངོས་པོ་ཡིན་པ་དང་། དེ་ནི་འཁོར་རྒྱུག་བྱ་ཐབས་གསར་པ་ཞིག་ཡིན་པས་འཛད་སྤྱོད་པ་དང་ཐོན་སྐྱེད་མཁན་སྣེ་མཐུད་དེ་བས་ལེགས་པ་ཐུབ། ལས་སྒོ་གསར་པ་དེ་རིགས་ཀྱིས་འཛད་སྤྱོད་པར་ཞབས་འདེགས་ཞུ་བ་མ་ཟད། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་གྱི་ཡོད”ཅེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།