འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།“གཞུང་ཚབ་ཁང་རང་གི་ཁྱིམ་དུ་སླེབས་པ་ལྟར་འདུག”

    —— བརླག་པའི་ཀྲུང་གོའི་ཡུལ་སྐོར་བ་བགྲེས་སོང་ཞིག་གི་སྙིང་གཏམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་12ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          “ཁྱེད་ཚོ་བློ་བདེ་པོ་གྱིས། ང་གཞུང་ཚབ་ཆེ་མོ་ཁང་དུ་འབྱོར་སོང་། ཚང་མས་ངར་ཡག་པོ་གནང་གི་འདུག ཁོང་རྣམ་པས་ང་ཕ་ཡུལ་དུ་ལོག་རྒྱུའི་བཀོད་སྒྲིག་གནང་གི་རེད”ཅེས་ཧུའུ་པེ་ཞིང་ཆེན་ཧོ་མེ་རྫོང་གི་ལོ་75ལ་སླེབས་པའི་བགྲེས་སོང་ཁྲེན་ཅང་ཧོའེ་ཡིས་ཚེས་5ཉིན་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱི་ནས་ཁ་པར་ཐོག་ནས་ནང་མིར་དེ་ལྟར་བཤད་པ་རེད། དེ་དུས་ཁོང་ཡུལ་སྐོར་ཚོགས་པ་དང་ཁ་འཐོར་ནས་ཆུ་ཚོད་24ཡང་ཕྱིན་མེད་པ་རེད།
         ཚེས་4ཉིན་གྱི་སྔ་དྲོ་ཝེ་ཐེ་ནམ་དུ་ཡུལ་སྐོར་དུ་ཡོང་ནས་ཉིན་ལྔ་ཕྱིན་པའི་ཁྲེན་ཅང་ཧོའེ་ཧ་ནོ་དབྱིའི་པ་ཐིང་ཐང་ཆེན་དུ་ཡུལ་སྐོར་བྱེད་སྐབས་ཡུལ་སྐོར་ཚོགས་པའི་རུ་ཁག་དང་ཁ་འཐོར། ནང་མིའི་རོགས་པ་མེད་པ་མ་ཟད། ལམ་ཡིག་ཡུལ་སྐོར་ཚོགས་པའི་སྣེ་ཤན་པར་སྤྲད་པའི་ཁྲེན་ཅང་ཧོའེ་མི་སུ་ཞིག་དང་ཡང་འབྲེལ་བ་བྱེད་ཐབས་བྲལ།
          ཚེས་4ཉིན་གྱི་ཕྱི་དྲོ། ཡུལ་སྐོར་ལས་དོན་ཁང་གིས་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ལ་ཁྲེན་ཅང་ཧོའེ་བརླག་པའི་གནས་ཚུལ་བརྡ་ཁྱབ་བཏང་། ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུང་ཞའོ་ཡུང་གི་མཛུབ་ཁྲིད་འོག་གཞུང་ཚབ་ཁང་གི་གཞུང་ཚབ་ཁེ་སྐྱོང་ཁྲུའུ་ཡིས་ཧ་ནོ་དབྱིའི་ཁེ་སྲུང་འབྲེལ་གཏུག་པ་སྐུལ་སློང་བྱས་ཏེ་བགྲེས་སོང་བརླག་པའི་གནས་ཚུལ་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་ཝེ་ཐེ་ནམ་གྱི་ལས་རིགས་ཁག་གི་མི་སྣས་ནུས་ཤུགས་ཡོད་རྒུས་འཚོལ་རོགས་བྱེད་དགོས་པའི་རེ་བ་བཏོན་པ་རེད།
         རིང་མིན་དུ་ཁྲེན་ཅང་ཧོའེ་ཝེ་ཐེ་ནམ་གྱི་སྦག་སྦག་གཏོང་མཁན་ཞིག་གིས་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཉེ་འགྲམ་དུ་སྐྱེལ་མྱོང་བ་གོ་ཐོས་བྱུང་། གཅིག་བྱས་ན་བསྡིངས་སོ་སྤྲོས་ཆས་ཀྱི་བརྙན་ཕབ་ལ་བལྟས་ཚེ་འབྲེལ་ཡོད་ཁུངས་སྣེ་རྙེད་སྲིད། ཧུང་ཞའོ་ཡུང་དང་གཞུང་ཚང་ཁང་གི་ལས་དོན་མི་སྣ་མང་པོ་ཞིག་གིས་དེ་དང་འབྲེལ་བའི་དུས་མཚམས་ཀྱི་བརྙན་ཕབ་ཚང་མར་ཡང་སྐོར་བསྐྱར་སྐོར་ངང་ཆུ་ཚོད་གཉིས་ལྷག་ཙམ་བལྟས་ཀྱང་ཁྲེན་ཅང་ཧོའེ་ཡི་གྲིབ་གཟུགས་ཀྱང་མཐོང་རྒྱུ་ཡེ་ནས་མེད་སྟབས། སེམས་འཚབ་ཆེན་པོ་སྐྱེས།
         ཚེས་5ཉིན་གྱི་སྔ་དྲོ། ཁེ་སྲུང་འབྲེལ་གཏུག་པས་གཞུང་ཚབ་ཁང་ལ་ཁྲེན་ཅང་ཧོའེ་རྙེད་སོང་ཞེས་བཤད།
         ཁྲེན་ཅང་ཧོའེ་པ་ཏིང་ཐང་ཆེན་ཉེ་འགྲམ་གྱི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་སྐབས་ཁང་ནང་གི་ལས་དོན་མི་སྣས་ཁོང་ལ་སྦག་སྦག་གཏོང་མཁན་ཞིག་འཚོལ་རོགས་བྱས་ཁར་ཁོང་ཉེ་འགྲམ་གྱི་སྤྱི་བདེ་མངགས་གཏོང་ཁང་དུ་བསྐྱལ། ཁོང་གིས་དེ་གར་དགོང་མོ་གཅིག་ཞག་སྡོད་བྱས། ཁོང་གིས་ཐོབ་ཐང་ལག་ཁྱེར་འཁྱེར་ཡོད་པས་མངགས་གཏོང་ཁང་གིས་ཐོབ་ཐང་ལག་ཁྱེར་གཞིར་བཟུང་ཁོང་གི་ལམ་ཡིག་གི་ཆ་འཕྲིན་བཙལ་ཁར་ཀྲུང་གོ་བ་ཞིག་བཙལ་ནས་སྐད་སྒྱུར་བྱེད་རེ་ཞུས། ཀྲུང་གོ་བ་དེས་སྐད་སྒྱུར་མ་བྱས་གོང་ཁེ་སྲུང་འབྲེལ་གཏུག་པའི་སྐད་འཕྲིན་གྲོགས་ཚོགས་བརྒྱུད་ཁྲེན་ཅང་ཧོའེ་བརླག་པའི་གནས་ཚུལ་ཤེས།
         ཝེ་ཐེ་ནམ་གྱི་སྤྱི་བདེའི་མི་སྣས་སྔ་རྗེས་སུ་ཁྲེན་ཅང་ཧོའེ་གཞུང་ཚབ་ཁང་དུ་བསྐྱལ། གཞུང་ཚབ་ཁང་གིས་ཁོང་ལ་ཆེད་མངགས་ཀྲུང་གོའི་ཐུག་པ་ཞིག་གྲ་སྒྲིག་བྱས། ཧུང་ཞའོ་ཡུང་གིས་བགྲེས་སོང་གི་གཟུགས་པོ་བདེ་པོ་ཡིན་པ་ཤེས་རྗེས་སེམས་ལྷོད་ལ་བབས། ཁྲེན་ཅང་ཧོའེ་ཡིས་རང་ཉིད་འཚོལ་ཆེད་ཞོགས་ཟས་ཀྱང་ཟ་ཁོམ་མ་བྱུང་བའི་གཞུང་ཚབ་ཁང་གི་ལས་དོན་མི་སྣ་དང་མཉམ་དུ་ཐུག་པ་བཏུངས་པ་དང་རང་ཉིད་ཀྱི་གནས་ཚུལ་བརྗོད་པ་མ་ཟད། ད་དུང་གཞུང་ཚབ་ཁང་གི་ལས་དོན་མི་སྣ་དང་དེ་བཞིན་ཝེ་ཐེ་ནམ་གྱི་སྤྱི་བདེས་རང་ཉིད་ལ་ཡག་པོ་བྱས་རིགས་ནང་མིར་བརྗོད། “གཞུང་ཚབ་ཁང་རང་གི་ཁྱིམ་དུ་སླེབས་པ་ལྟར་འདུག”
         དེ་རྗེས་གཞུང་ཚབ་ཁང་གི་ལས་དོན་མི་སྣས་ཁྲེན་ཅང་ཧོའེ་ཡུལ་སྐོར་ཚོགས་པའི་སྣེ་ཤན་པར་རྩིས་སྤྲད་ཁར་ཁོང་ལ་བགྲེས་སོང་ལ་ལྟ་རྟོག་ཡག་པོ་བྱེད་དགོས་ལུགས་མངགས། སྣེ་ཤན་པས་ཁྲེན་ཅང་ཧོའེ་དང་མཉམ་དུ་སྤྱི་བདེ་མངགས་གཏོང་ཁང་དུ་བསྐྱོད་ནས་ཟིན་ཐོ་བཀོད་རྗེས་ཁོང་ཕ་ཡུལ་དུ་བསྐྱལ་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།