འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”བོད་ཀྱི་ཆུ་བེད་ལས་དོན་གྱི་འགོ་ཡག་པོ་ཞིག་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཚོགས་པའི་2017ལོའི་ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2016ལོ་ནི་བོད་ཀྱི་ཆུ་བེད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པའི་འགོ་འཛུགས་ལོ་ཞིག་ཡིན་པ་དང་ཆུ་བེད་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་བཙུགས་པ་རེད།
          2016ལོར་ཆུ་བེད་ལ་མ་དངུལ་སྒོར་དུང་ཕྱུར་50དོན་འཁྱོལ་བྱེད་རྩིས་བྱས་པ་དང་དངོས་སུ་སྒོར་དུང་ཕྱུར་50.68དོན་འཁྱོལ་བྱས་ཡོད། 2016ལོར་ལྗོངས་ཡོངས་ཀྱི་ཆུ་བེད་རྣམ་གྲངས་378ལས་འགོ་ཚུགས་པ་དང་ལས་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་267དང་མུ་མཐུད་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་111ཡོད་པ་དང་མ་དངུལ་་སྒོར་དུང་ཕྱུར་73བཏང་ནས་ལོ་ཧྲིལ་པོའི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཟིན་པ་རེད།
          དེ་དང་ཆབས་ཅིག་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་གྱིས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་ཅིང་། ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་དང་འཕན་པོ་ཆུ་འདྲེན་ཁུལ་སོགས་རྣམ་གྲངས་ལག་ལེན་བསྟར་ཏེ་ཞིང་ལས་ཆུ་བེད་རྫོང་གཙོ་བོ་དང་ཆེད་དོན་རྫོང་55འཛུགས་སྐྲུན་བྱས་པར་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་77.5མང་དུ་དང་ལེགས་སུ་ཕྱིན་ཡོད། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་རྣམ་གྲངས་དང་གྲོང་གསེབ་ཀྱི་གློག་ཤུགས་ཅན་རྣམ་གྲངས་འཛུགས་སྐྲུན་བྱས་པར་གྲོང་གསེབ་ཀྱི་ཆུ་གློག་འཕྲུལ་ཙུའུ་ནས་གློག་འདོན་ཚད་ཆན་ཝ་ཁྲི་1.9མང་དུ་ཕྱིན་ནས་དུད་ཚང་ཁྲི་8.79དང་ཞིང་འབྲོག་པ་ཁྲི་42.39ཡི་གློག་སྤྱོད་པའི་གནད་དོན་ཐག་གཅོད་དང་ལེགས་སུ་ཕྱིན་ཡོད་པ་རེད།
          གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་དུ་དང་མཐོ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས་གྲོང་གསེབ་ཀྱི་མི་འབོར་ཁྲི་4.9ཡི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། གྲོང་གསེབ་ཀྱི་ཆུ་བེད་དབུལ་སྐྱོར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་མཛོད་བཙུགས་ཏེ་དབུལ་ཞྭ་ཕུད་པའི་རྫོང་ལ་མ་དངུལ་སྒོར་དུང་ཕྱུར་25ཙམ་བཏང་ཡོད། སྣོད་བཅུད་ཁ་གསབ་མ་དངུལ་སྤྱད་དེ་མི་འབོར་དབུལ་པོ་ཁྲི་6.27ཆུའི་ཐོན་ཁུངས་བདག་སྐྱོང་བ་དང་། ས་ཆུ་སྲུང་འཛིན་ལྟ་སྐུལ་བ། གྲོང་ཚོ་རིམ་པའི་ཆུ་དོ་དམ་པ། ཤྭ་འོད་གནོད་འཚེ་འགོག་བཅོས་སྒྲིག་བཀོད་ལྟ་སྲུང་བ་བཅས་ལ་ལས་ཞུགས་གཞན་སྒྱུར་བྱས་ཡོད་པ་རེད།
          ས་ཆུ་སྲུང་འཛིན་ཐད་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་དྲ་ཐོག་ཞིབ་བཤེར་ཆོག་མཆན་དང་ལྟ་སྐུལ་དོ་དམ་ལས་སྟེགས་དང“གནམ་ས་གཞི་གཅིག་ཅན”གྱི་ལྟ་སྐུལ་དོ་དམ་མ་ལག་གི་མི་མེད་གནམ་གྲུ་བར་སྣང་དམའ་པོར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཁྱབ་གདལ་བཏང་ཐོག་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་མཉམ་འབྲེལ་ཞིབ་བཤེར་བྱས་ནས་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་ཞིབ་བཤེར་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ཡོད། ས་ཆུ་སྲུང་འཛིན་ཇུས་གཞི་ཞིབ་བཤེར་ཆོག་མཆན་དང་ཞིབ་བཤེར་རྩིས་ལེན་ལས་དོན་ལ་ཤུགས་སྣོན་བརྒྱབ་པར་ས་ཆུ་སྲུང་འཛིན་ཇུས་གཞི་ཞིབ་བཤེར་ཆོག་མཆན་འགོད་ཚད་ལོ་གོང་མའི་དུས་མཚུངས་ལས་ལྡབ་3.25འཕར་བ་དང་ཆབས་ཅིག་ས་ཆུ་སྲུང་འཛིན་ཁ་གསབ་གྲོན་དངུལ་བསྡུ་ལེན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་ཧྲིལ་པོར་ས་ཆུ་སྲུང་འཛིན་ཁ་གསབ་གྲོན་དངུལ་སྒོར་ཁྲི་4818བསྡུ་ལེན་བྱས་པར་ལོ་གོང་མའི་དུས་མཚུངས་ལས་189%འཕར་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་བོད་ཀྱི་ཆུ་བེད་ལས་དོན་གྱིས་དམངས་འཚོ་ལེགས་སུ་གཏོང་བ་ལྟེ་བ་དང་སྣོད་བཅུད་སྲུང་སྐྱོང་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་ཆུའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། འདི་ལོ་བོད་ཀྱིས་གཙོ་གནད་ཆུ་བེད་འདུ་འགོད་ཁག་གཅིག་སྐྲུན་མགྱོགས་སུ་གཏོང་བ་དང་ཆབས་ཅིག གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་དུ་དང་མཐོ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས་གཅིག་སྡུད་ཐོག་ཆུ་མཁོ་འདོན་བྱེད་ཚད་དང་། རང་འབབ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད། ཆུའི་སྤུས་ཚད་ཚད་ལོན་ཚད། ཆུ་མཁོ་འདོན་འགན་ལེན་བྱེད་ཚད་བཅས་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།