འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ས་བབ་སྨི་4500ཡན་ཟིན་པའི་སོ་ལྟ་ཁང་ཚང་མ"ཉི་འོད་དྲོད་ཁང"དུ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་དམག་ཁུལ་གྱི་དཔུང་སྡེ་བཅའ་སྡོད་བྱ་ཡུལ་གྱི་ཆ་སྙོམས་ས་བབ་སྨི་4000ཡན་ཟིན་པ་དང་ཁོར་ཡུག་ཞན་པའི་ཤུགས་རྐྱེན་འོག་འཐབ་ས་དང་པོའི་མཐའ་སྲུང་ལེན་ཏུའེ་ཡི་སོ་ལྟ་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐོག་མཐའ་བར་གསུམ་དུ་བལྟོས་བཅས་རྗེས་ལུས་ཡིན་པ་རེད། དབྱར་དུས་བཞའ་ཚན་དང་ཚ་བ་ཆེ་བ་དང་དགུན་དུས་གྲང་ངར་ཆེ་བར་བརྟེན་དཔོན་དམག་ཚོའི་སྦྱོང་བརྡར་ལས་གྲུབ་དང་གཟུགས་པོའི་བདེ་ཐང་ལ་ཤུགས་རྐྱེན་མང་པོ་ཡོང་གི་ཡོད། བོད་ལྗོངས་མཐའ་སྲུང་གི་འཐབ་ས་དང་པོའི་དཔོན་དམག་གི་སྡོད་ཁང་དང་འཚོ་བའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད་ཉེ་བའི་ལོ་ཤས་རིང་རིམ་པ་ཁག་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དཔོན་དམག་གི་བདེ་རྩར་ཐུག་པའི“དྲོད་ལེན་དང་། གསོ་རླུང་མཁོ་འདོན། ཆུ་སྤྱོད། གློག་འདོན། དམག་རྒྱགས་རྟ་ཆག འཁྲུད་ཁང་། ཐོག་འགོག་པ”བཅས་ཀྱི་དཀའ་གནད་བདུན་ལ་དམིགས་ཏེ་གཅིག་སྡུད་འགག་སྒྲོལ་བྱས་པ་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མིག་སྔར་ས་བབ་སྨི་4500ཡན་དུ་གནས་པའི་བོད་དམག་ཁུལ་གྱི་མཐའ་སྲུང་ལེན་ཏུའེ་དང་སོ་ལྟ་ཁང་གི་དཔོན་དམག་ཡོངས“ཉི་འོད་དྲོད་ཁང”གསར་པར་སྤོས་པ་རེད།
          ས་བབ་སྨི་4500ལྷག་ཙམ་ཟིན་པའི་མིང་མེད་མཚེའུ་ཡི་སོ་ལྟ་ཁང་དུ་ལོ་12བརྟན་སྲུང་བྱས་པའི་ཧྲང་ཧྲི་ཁམས་གསུམ་གྱིས་གསར་འགོད་པར་གོང་རིམ་གྱིས་ད་དུང“ཉི་འོད་དྲོད་ཁང”གསར་པར་གསོ་རླུང་འདོན་ཆས་དང་ལུས་སྦྱོང་ཡོ་བྱད་སོགས་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་དེས་གནམ་གཤིས་ཧ་ཅང་སྐྱོ་པོ་བསྟན་ཡང་དཔོན་དམག་ཚོས་ཁང་པའི་ནང་སྦྱོང་བརྡར་དང་ལུས་སྦྱོང་བྱེད་ཐུབ་ཀྱི་འདུག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།