འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བཞི་ལ་མུ་གེ་བྱུང་ནས་
    བྱིས་པ་ཁྲི་140ལྷག་ལྟོགས་ནས་འཆི་ཉེན་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བཞི་ལ་མུ་གེ་བྱུང་ནས་
བྱིས་པ་ཁྲི་140ལྷག་ལྟོགས་ནས་འཆི་ཉེན་ཡོད་ཅེས་བསྟན་པ།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པ་ཐེབས་རྩ་ལྷན་ཚོགས་ཀྱིས་ནི་ཀྲེ་རི་ཡ་དང་། སོ་མ་ལི། སུའུ་ཏན་ལྷོ་མ་དང་། ཡེ་མེན་བཅས་རྒྱལ་ཁབ་བཞི་ལ་མུ་གེ་བྱུང་བའི་རྐྱེན་གྱིས་ད་ལོར་ཧ་ལམ་བྱིས་པ་ཁྲི་140ལྷག་ཙམ་ལ་འཚོ་བཅུད་ཚབས་ཆེན་ཞན་པའི་གནས་ཚུལ་བྱུང་ནས་འཆི་ཉེན་ཡོད་ཅེས་བསྟན་པ་རེད།
          ཧྥ་རན་སེའི་གསར་འགྱུར་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་གཞི་གྲངས་དྲངས་ནས་ཡེ་མེན་རྒྱལ་ཁབ་ལ་ནང་འཁྲུག་བྱུང་ནས་ལོ་གཉིས་ཙམ་སོང་བ་ལས། བྱིས་པ་ཁྲི་46.2ལ་འཚོ་བཅུད་ཞན་པ་དོས་དྲག་པོ་བྱུང་བ་དང་། ནི་ཀྲེ་རི་ཡ་རྒྱལ་ཁབ་བྱང་ཤར་རྒྱུད་དུ་འཚོ་བཅུད་ཞན་ཚུལ་ཚབས་ཆེ་བའི་བྱིས་པ་ཁྲི་45ཡོད་པའི་གནས་འཕྲིན་སྤེལ་བ་རེད།
          མུ་གེ་བྱུང་བའི་སྔ་དུས་སྔོན་ཚུད་ཉེན་བརྡའི་མ་ལག་དྲ་བས་ནི་ཀྲེ་རི་ཡ་རྒྱལ་ཁབ་པོར་ནོ་མངའ་སྡེ་(Borno State)ཡི་རྒྱང་རིང་ལུང་ཁུག་ཁ་ཤས་སུ་20016ལོའི་ལོ་མཇུག་ནས་མུ་གེའི་གནོད་སྐྱོན་ཐེབས་པ་དང་། རོགས་སྐྱོར་ཚོགས་པ་ལུང་ཁུག་དེ་དག་ལ་འབྱོར་ཐབས་མེད་པས། མུ་གེ་དེ་ད་དུང་རྒྱུན་མཐུད་བྱེད་ཉེན་ཡོད་ཅེས་བསྟན་པ་རེད།
          སོ་མ་ལི་རྒྱལ་ཁབ་ཏུ་ཐན་པའི་གནོད་འཚེ་བྱུང་བ་ལས་བྱིས་པ་ཁྲི་18.5ལྷག་བགྲེས་ལྟོགས་ཀྱི་གནས་སུ་གྱར་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གྲངས་ཀ་འདི་ཕྱིན་ཆད་ཀྱི་ཟླ་བ་ཁ་ཤས་རིང་ཁྲི་27དུ་འཕར་ཤས་ཆེ་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
          སུའུ་ཏན་ལྷོ་མ་རྒྱལ་ཁབ་ཏུ་ད་ལྟ་འཚོ་བཅུད་ཞན་པའི་བྱིས་པ་ཁྲི་27ལས་བརྒལ་བ་ཡོད་ལ། བྱང་རྒྱུད་མཉམ་འབྲེལ་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ཀྱིས་མུ་གེ་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
          མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་རེན་ཨན་ཐོན་ནི་•ལའེ་ཁེ་ཡིས་མྱུར་སྐྱོབ་བྱ་ཐབས་ལག་བསྟར་མགྱོགས་མྱུར་བྱས་ན། "ང་ཚོས་སྔར་བཞིན་ཚེ་སྲོག་མང་པོ་སྐྱོབ་ཐུབ་ཀྱི་རེད"ཅེས་རེ་འབོད་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་རྒྱལ་ཁབ་བཞི་ལ་མུ་གེ་བྱུང་ནས་
བྱིས་པ་ཁྲི་140ལྷག་ལྟོགས་ནས་འཆི་ཉེན་ཡོད་ཅེས་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།