འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གིས་སྲིད་འཛིན་གྲོང་ཚོ་209ཚང་མར་གཞུང་ལམ་
    ཤར་བགྲོད་ཀྱི་ལས་གྲྭ་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དཀར་མཛེས་རྫོང་སྲིབ་ངོ་ཤང་གྲོང་ཚོ་དྲུག་པའི་ལམ་མདོ་ནས་བལྟས་ཚེ། ཡངས་ཤིང་སྙོམས་པའི་ཨར་འདམ་ལམ་དར་གོས་བཞིན་ཞིང་འབྲོག་པའི་སྒོ་རྩའི་བར་བསྲིངས་པ་དང་། ཁམས་གཙང་བའི་ལམ་ཆེན་སྡོམ་གྱི་དྲ་བ་བཞིན་བསྣོལ་བས་སྔོན་གྱི་གང་སར“ཐལ་རྡུལ་ལངས་པ”དང“ཀོང་ཀོང་འབུར་འབུར་གྱིས་ཁེངས་པ”མཐོང་རྒྱུ་མེད་པར་ཆགས་ཏེ་ཞིང་འབྲོག་པ་རྣམས“ཕྱིར་སྐྱོད་དཀའ་བ་དང་ཕྱུག་པོ་ཆགས་རྒྱུ་དེ་བས་དཀའ་བའི”གནས་ལས་བསྒྲལ་བ་རེད།
          གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས། སྲིབ་ངོ་ཤང་གི་གྲོང་ཚོ་དྲུག་པའི་ཏང་ཀྲི་པུའི་ཧྲུའུ་ཅི་བླ་མ་བཀྲ་ཤིས་ཀྱིས་རང་སེམས་ཀྱི་དགའ་བ་གནོན་མི་ཐུབ་པའི་ངང་ནས། “སྔར་གྲོང་ཚོར་སྐྱོད་སའི་ལམ་ས་རྡོ་ལས་གྲུབ་པས་ང་ཚོའི་འཚོ་བར་སྟབས་བདེ་པོ་མེད་ལ། ཡུལ་མིའི་ཕྱུག་འགྱུར་འབབ་འཕར་ལ་ཡང་འགོག་རྐྱེན་བཟོ་ཡི་ཡོད། ད་ཆ་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པས་ཡུལ་མི་ཕྱི་འགྲོ་སྟབས་ཧ་ཅང་བདེ་པོ་འདུག“ལམ་ཤར་གཏོང་ཐུབ་པས་ཚང་མའི་བསམ་བློའི་འཁྱེར་སོར་ཡང་འགྱུར་བ་བྱུང་བ་དང་། འབབ་འཕར་གྱི་ལམ་བུའང་ཇེ་ཡངས་སུ་གྱུར་ནས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།
           མིག་མཐོང་ལག་ཟིན་གྱི་འགྱུར་བ་དེ་དག་ནི་གྲོང་གསེབ་ལ་གཞུང་ལམ་བཏིངས་པ་ལས་བྱུང་བའི་ཤང་དང་གྲོང་ཚོའི་འགྱུར་ལྡོག་མང་པོའི་ཁྲོད་ཀྱི་ཆ་ཤས་ཤིག་རེད། དཀར་མཛེས་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཧྲོང་ཅང་གིས། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། དཀར་མཛེས་རྫོང་གིས“ཐོན་ལས་འཛུགས་ཆེད་གཞུང་ལམ་འདིང་བ་དང་། གཞུང་ལམ་འདིང་ཚེ་ཐོན་ལས་འཛུགས་པའི”བྱེད་ཕྱོགས་དང“ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་པ་དང་། ཕན་ཚུན་དར་སྤེལ་གཏོང་བའི”ལས་ཀའི་བསམ་ཕྱོགས་ལ་གཞིགས་པ་དང་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་219ཡི་ལེགས་ཆ་མི་འདྲ་བའི་ཐོན་ཁུངས་དང་ཡང་ཟུང་འབྲེལ་གྱིས་འཕེལ་རྒྱས་ཀྱི་མདུན་ལམ་སྔོན་དཔག་ཐོག་རྫོང་ཡོངས་ཀྱི་གྲོང་གསེབ་ཏུ་གཞུང་ལམ་བཏིང་བའི་འཆར་འགོད་སྤྱི་འདོམས་དང“རི་ཆུ་ཞིང་ནགས་ལམ་ལྔའི”ཕྱོགས་བསྡུས་བཅོས་སྐྱོང་ལ་དམིགས་ནས་ཡུལ་བབ་དང་བསྟུན་ཏེ་ལམ་བཟོ་བའི་ཁ་ཕྱོགས་དང་ཚད་གཞི་སོགས་གཏན་འཁེལ་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་དཀར་མཛེས་རྫོང་ལ་རྒྱལ་ཁབ་དང་། ཞིང་ཆེན། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་གཞུང་ལམ་དྲ་བ་ཞིག་ཆགས་ནས་ཁྲོན་བོད་གཞུང་ལམ་དང་རྫོང་དུ་སྐྱོད་ལམ་གྱིས་སྒྲོམ་གཞི་དང་། གྲོང་གསེབ་ལམ་གྱིས་ཀུན་ལ་འབྲེལ་བའི་རྫོང་མཁར་གཞུང་ལམ་གྱི་དྲ་བ་མ་ལག་ཆ་ཚང་ཞིག་ཆགས་ནས་རྫོང་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་2051.432ཟིན་པ་དང་། རྫོང་ཡོངས་ཀྱི་ཤང་(གྲོང་རྡལ)20ལ་སྣུམ་ནག་ལམ་མམ་ཡང་ན་ཨར་འདམ་ལམ་ཡོད་པ། སྲིད་འཛིན་གྲོང་ཚོ་209ཚང་མར་ཤར་བགྲོད་ཀྱི་ལས་གྲྭ་ལེགས་གྲུབ་བྱུང་ནས་རྫོང་ཡོངས་ཀྱི་གྲོང་གསེབ་གཙོ་བོའི་ལམ་ཚང་མ་ཤར་གཏོང་ཡོངས་སུ་ཐུབ་སྟེ་མང་ཚོགས་ཁྲི་4.8ལ་ཕན་པ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།