འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་སྐྲུན་བོད་ལུགས་ཨར་ལས་བཟོ་སྐྲུན་ཚད་ཡོད་ཀུང་སི།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཀུང་སིའི་ཁྲིམས་ཚབ་པ་རིན་ཆེན་ཚེ་རིང་།
    ཀུང་སིའི་ཁྲིམས་ཚབ་པ་རིན་ཆེན་ཚེ་རིང་།
         དང་པོ།  ཀུང་སིའི་ངོ་སྤྲོད་མདོར་བསྡུས།
         མཚོ་སྔོན་བོད་སྐྲུན་བོད་ལུགས་ཨར་ལས་ཚད་ཡོད་ཀུང་སིའི་བསྡུས་མིང་ལ"མཚོ་སྔོན་བོད་སྐྲུན"ཟེར་ཞིང་། དེ་སྔོན་མིང་ལ་ཉིན་པ་བོད་ལུགས་རྡོ་རྩིག་ཨར་ལས་རུ་ཁག་ཅེས་ཟེར། ཉིན་པ་བོད་ལུགས་རྡོ་རྩིག་ཨར་ལས་རུ་ཁག་གིས་1982ལོ་ནས་བཟུང་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་ཞིང་ཆེན་སོགས་ཀྱི་ས་ཆ་མང་པོ་ཞིག་ནས་དགོན་པ་དང་མཆོད་རྟེན་སོགས་བསྐྲུན་པ་དང་ཉམས་གསོ་བྱས་པ་ཡིན་ལ། ད་ལྟའི་བར་དུ་བོད་ལུགས་བཟོ་སྐྲུན་ཐད་ལ་ལོ་ངོ་34ཡི་ཉམས་མྱོང་ཡོད། ལོ་ངོ་34ཡི་རིང་ལ། དགོན་པ་དང་མཆོད་རྟེན་650བཟོ་སྐྲུན་ལེགས་གྲུབ་བྱུང་ཡོད་པ་མ་ཟད། དཔལ་འབྱོར་གྱི་རིན་ཐང་ཡང་སྒོར་དུང་ཕྱུར་1.75གསར་སྐྲུན་བྱས་ཡོད་ལ། བཟོ་སྐྲུན་ལག་རྩལ་ཁྱད་འཕགས་ལྡན་པས་རང་ཉིད་ཀྱི་ཚོང་རྟགས་ཤིག་ཀྱང་ཐོབ་ཡོད།
         མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་རྡོ་སྦིས་ཤང་ཉིན་པ་སྡེ་བའི་དགོན་པ་གསར་བཞེངས་ཀྱི་རྡོ་རྩིག་ལག་རྩལ་དེ་དམངས་ཁྲོད་དུ་ལོ་ངོ་600ལྷག་ལ་ཉར་ཚགས་བྱས་ཡོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། བོད་ལྗོངས་སོགས་སུ་མགྱོགས་མྱུར་ངང་དགོན་སྡེ་བསྐྱར་འཛུགས་བྱེད་དགོས་བྱུང་བས། ཉིན་པའི་བོད་ལུགས་རྡོ་རྩིག་བཟོ་སྐྲུན་རུ་ཁག་གིས་ལག་རྩལ་མི་སྣ་རྒན་པ་མང་པོ་ཞིག་རྩ་འཛུགས་བྱས་ནས་རུ་ཁག་གསར་པ་ཞིག་བཙུགས་ཏེ། དགོན་སྡེ་སོ་སོའི་བསྐྱར་བཞེངས་བཟོ་སྐྲུན་གྱི་ལས་འགན་འཁུར། ཀན་སུའུ་ཞིང་ཆེན་གྱི་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་དང་དཔར་ཁང་། གུང་ཐང་མཆོད་རྟེན་ཆེན་མོ། གཙོས་གྲོང་ཁྱེར་གྱི་སྲས་མཁར་དགུ་ཐོག ཀླུ་ཆུ་རྫོང་གི་ཤེས་གཙང་དགོན་པ་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་ཞོན་ཧྭ་རྫོང་གི་བིས་མདོ་དགོན་ཆེན། པཎ་ཆེན་སྐུ་ཕྲེང་བཅུ་བའི་དྲན་གསོ་མཆོད་རྟེན། བིས་མདོ་ཤང་ཁང་མོ་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ། རྡོ་སྦིས་ཤང་དགུ་རུ་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་བཅས། ཀན་སུའུ་ཞིང་ཆེན་གྱི་བླ་བྲང་དགོན་པའི་གསེར་ཁང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་མགར་རྩེ་དགོན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་ལྷ་ཁང་། མགར་རྩེ་དགོན་པའི་འཇམ་དབྱངས་ལྷ་ཁང་། མཚོ་ལྷོ་ཁུལ་དར་མཚོ་རྫོང་གི་བྲག་དཀར་སྤྲེལ་རྫོང་དགོན་པའི་དུས་འཁོར་མཆོད་རྟེན། མཚོ་བྱང་ཁུལ་མདོ་ལ་རྫོང་གི་མུ་རུ་གྲོང་བརྡལ་གྱི་བེ་ཧུ་དགོན་པའི་དུས་འཁོར་མཆོད་རྟེན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་སྒོ་མང་དགོན་པའི་ནང་བསྟན་སློབ་གླིང་དང་སྒོ་མང་དགོན་པའི་བཙན་ཁང་། མགོ་ལོག་ཁུལ་དགའ་བདེ་རྫོང་གི་བྱ་རོང་ཁ་ཤོར་མཆོད་རྟེན། ཀན་སུའུ་ཞིང་ཆེན་བླ་བྲང་དགོན་པའི་རྟ་མགྲིན་ལྷ་ཁང་། བླ་བྲང་དགོན་པའི་སྨན་པ་གྲ་ཚང་། རྨ་ལྷོ་ཁུལ་ཧི་ནན་རྫོང་གི་ཚོགས་ཆེན་འདུ་ཁང་ཆེན་མོ། ཞོན་ཧྭ་རྫོང་དགུ་རུ་དགོན་པའི་བྱམས་ཁང་དང་ཉིན་པ་སྡེ་བའི་ལྷ་མོ་ལྷ་ཁང་། རྨ་ལྷོ་ཁུལ་རེབ་གོང་རྫོང་སེང་གེ་གཤོང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་དང་གཉན་ཐོག་རྐ་སར་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་སོགས་ཀྱི་བཟོ་སྐྲུན་གསར་བཞེངས་ཀྱི་འགན་འཁུར། དགོན་པ་དང་ལྷ་ཁང་འདི་རྣམས་བདེ་བླག་ངང་ཉམས་གསོ་དང་གསར་བཞེངས་བྱས་པ་ལས་ཉིན་པའི་བོད་ལུགས་བཟོ་སྐྲུན་རུ་ཁག་གི་མཚན་སྙན་ཕྱོགས་གང་སར་ཁྱབ་པར་མ་ཟད། ཨ་མདོའི་བོད་ཁུལ་གྱི་བོད་ལུགས་ཨར་ལས་བཟོ་སྐྲུན་ཐད་རང་ལུགས་གསར་གཏོད་ཀྱི་གཟི་བརྗིད་མཚན་སྙན་ཕྱོགས་མེད་དུ་རྒྱས་ཡོད།
          མཚོ་སྔོན་བོད་སྐྲུན་བོད་ལུགས་བཟོ་སྐྲུན་ཨར་ལས་ཀུང་སི་དེ་2016ལོའི་ཟླ་10པར་དངོས་སུ་བཙུགས་པ་དང་། ཀུང་སི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ་གྱི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་ཀྱི་གསར་གཏོད་ཐོག་ཁང་གྱི་ཐོག་བརྩེགས་3པར་ཡོད་ལ། ཐོ་འགོད་མ་དངུལ་མི་དམངས་ཤོག་སྒོར་ཁྲི་500ཟིན་ཡོད་པ་དང་། ཀུང་སིའི་ཁྲིམས་ཚབ་པ་ནི་རིན་ཆེན་ཚེ་རིང་ཡིན།
         ཀུང་སི་བཙུགས་པ་ནས་བཟུང་། མི་རིགས་བཟོ་སྐྲུན་རིག་གནས་རྒྱུན་འཛིན་གྱི་དགོས་མཁོ་རྒྱུན་འཁྱོངས་བྱ་རྒྱུ་དེ་འཕེལ་རྒྱས་ཁ་ཕྱོགས་སུ་བཟུང་ནས། བོད་ལུགས་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། མི་རིགས་བཟོ་སྐྲུན་གོང་འཕེལ་དུ་གཏོང་རྒྱུ་འོས་འགན་ཕྲག་ཏུ་བླངས་ནས། མུ་མཐུད་དུ་དེང་རབས་བཟོ་སྐྲུན་རིག་པའི་བཟོ་རྩལ་གསར་པ་སྐུལ་འདེད་གཏོང་བ་དང་། མུ་མཐུད་དུ་བོད་ལུགས་བཟོ་སྐྲུན་འཆར་འགོད་དང་དེང་རབས་ཅན་གྱི་སྒྲིག་ཆས། སྔོན་ཐོན་གྱི་དཔྱད་ཆས་བེད་སྤྱོད་ཐད་ཁྱོན་ཡོངས་ནས་རིམ་སྤོར་བཅོས་བསྒྱུར་བྱས་ཏེ། བཟོ་སྐྲུན་ལག་རྩལ་གྱི་ཆུ་ཚད་ལེགས་བཅོས་དང་། སྒྲིག་གཞི་ཇེ་ལེགས་སུ་གཏོང་བ། བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྲོལ་རྒྱུན་བཟོ་རྩལ་གྱི་བརྒྱུད་རིམ་བསྔོག་འདོན་བྱས་ནས་བོད་ལུགས་བཟོ་སྐྲུན་དེ་དེང་རབས་བཟོ་སྐྲུན་གྱི་ཁྱབ་ཁོངས་སུ་གོ་གནས་ངེས་ཅན་ཞིག་ཟིན་པར་བྱས་ཡོད་པས། མཚོ་སྔོན་བོད་སྐྲུན་ཀུང་སི་དེ་བོད་ལུགས་བཟོ་སྐྲུན་ལས་རིགས་ཁྲོད་ཀྱི་མདུན་གྲལ་དུ་སླེབས་ཡོད། ད་ལྟ། ཀུང་སི་ཡིས་རྒྱལ་ནང་གི་ཆེད་ལས་རང་བཞིན་ཆེས་ཆེར་ལྡན་པའི་བོད་ལུགས་བཟོ་སྐྲུན་གྱི་ཚོགས་པ་ཡག་ཤོས་ཤིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།
        མིག་སྔར། ཀུང་སིར་བོད་ལུགས་བཟོ་སྐྲུན་ལག་རྩལ་གྱི་ནུས་པ་ཁྱད་དུ་འཕགས་པའི་ལག་རྩལ་དང་དེང་རབས་ཅན་གྱི་དོ་དམ་པ་གཉིས་འཛོམས་ཡོད་པས། ཀུང་སི་ཡིས་ཨར་ལས་བཟོ་སྐྲུན་དང་བཟོ་སྐྲུན་དོ་དམ། བཟོ་སྐྲུན་གྱི་སྤུས་ཚད་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་ལམ་ལུགས་རང་བཞིན་གྱི་དོ་དམ་བྱེད་བཞིན་ཡོད། ད་སྐབས། ཀུང་སི་ཡི་ལས་གཉེར་མི་སྣ་220ལྷག་ཡོད་པ་དང་། དེའི་ནང་དོ་དམ་མི་སྣ་5དང་། གོ་མིང་འབྲིང་རིམ་ཅན་གྱི་མི་སྣ་25  ལག་རྩལ་མི་སྣ་46  ཨར་ལས་རུ་ཁག་5 དེའི་ནང་རྡོ་རྩིག་རྒྱག་མཁན་གྱི་ལག་ཤེས་པ་68བཅས་ཡོད།
          ཚེ་རིང་རྣམ་རྒྱལ་དང་མགོན་པོ་བཀྲ་ཤིས་གཉིས་ནི་ཀུང་སི་འདིའི་དབུ་བཞུགས་ལག་རྩལ་མི་སྣ་ཡིན་ལ། རྫོང་རིམ་པའི་བོད་ལུགས་རྡོ་རྩིག་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་འཐུས་ཚབ་རང་བཞིན་གྱི་མི་སྣ་ཡང་ཡིན། ཁོང་གཉིས་ལ་བོད་ལུགས་ཨར་ལས་བཟོ་སྐྲུན་འཕེལ་རྒྱས་ཀྱི་ལོ་ངོ་30རིང་གི་བཟོ་སྐྲུན་ཉམས་མྱོང་ཡོད། ཁོང་གཉིས་ནི་ཞོན་ཧྭ་རྫོང་རྡོ་སྦིས་ཤང་ཉིན་པ་སྡེ་བའི་ལུང་ཀྱོག་ཁྱིམ་རྒྱུད་ཀྱི་མི་ཡིན་པ་དང་། ཁྱིམ་རྒྱུད་དེའི་ནང་གི་བུ་གསུམ་གྱིས་བོད་ཁུལ་གྱི་ས་གནས་སོ་སོའི་བོད་ལུགས་ཨར་ལས་བཟོ་སྐྲུན་གྱི་འགན་འཁུར་བཞིན་ཡོད་ལ། ད་ལྟའི་བར་ལོ་ངོ་30ལྷག་འགོར་ཡོད། དེའི་ནང་བུ་ཆེ་བ་ལྷ་ལུང་དཔལ་རྡོར་དང་འབྲིང་བ་ཚེ་རིང་རྣམ་རྒྱལ་དང་ཆུང་བ་མགོན་པོ་བཀྲ་ཤིས་གསུམ་གྱིས་ལོ་ན་གཞོན་དུས་ནས་ད་ལྟའི་བར་བོད་ལུགས་བཟོ་སྐྲུན་གྱི་ལས་དོན་གཉེར་བཞིན་ཡོད། ཁོང་ཚོ་གསུམ་པོ་ནི་ལག་རྩལ་ཁྱད་དུ་འཕགས་པའི་ལག་ཤེས་པ་ཡིན། མཚོ་སྔོན་བོད་སྐྲུན་ཀུང་སི་དེ་ནི་ད་ལྟའི་རྨང་གཞིའི་ཐོག  ལུང་ཀྱོག་ཁྱིམ་རྒྱུད་ཀྱི་བུ་གསུམ་གྱི་ཕྱི་རབས་པ་རིན་ཆེན་ཚེ་རིང་གིས་བཙུགས་པ་དང་། བོད་ལུགས་སྲོལ་རྒྱུན་བཟོ་སྐྲུན་རིག་གནས་དར་སྤེལ་དང་བོད་ལུགས་བཟོ་སྐྲུན་ལས་དོན་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཁོང་གི་མི་ཚེ་འདི་ཡི་ཕུགས་འདུན་དུ་གྱུར་ཡོད།
          1995ལོར། ཉིན་པ་བོད་ལུགས་བཟོ་སྐྲུན་རུ་ཁག་གི་ལྷ་ལུང་དཔལ་རྡོར་དང་། ཚེ་རིང་རྣམ་རྒྱལ། མགོན་པོ་བཀྲ་ཤིས་གསུམ་གྱིས་ལས་གཞིའི་འགན་འཁུར་མི་སྣ་བྱས་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་མགར་རྩེ་དགོན་གྱི་སྤེན་མའི་གྱང་གསར་འཛུགས་བྱས་པས། ས་གནས་དེ་ག་ནས་གདེང་འཇོག་གང་ལེགས་ཐོབ། ལོ་རྗེས་མར་ཡང་མགར་རྩེ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣས་ཉིན་པ་བོད་ལུགས་བཟོ་སྐྲུན་རུ་ཁག་གདན་འདྲེན་བྱས་ནས་ཨར་ལས་བཟོ་སྐྲུན་བྱས་པ་རེད།
        གཉིས་པ། འཛུགས་སྐྲུན་གྱི་རིམ་པ་གཤམ་གསལ་ལྟར།  
        གཅིག 1996ལོར། རྨ་ལྷོ་ཁུལ་རེབ་གོང་རྫོང་མགར་རྩེ་དགོན་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་ལྷ་ཁང་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་30ཡོད་ལ། དུས་ཡུན་ལོ་ཕྱེད་རིང་བཟོ་སྐྲུན་ལེགས་གྲུབ་བྱུང་།   
        གཉིས། 1997ལོར། མགོ་ལོག་ཁུལ་དགའ་བདེ་རྫོང་གོང་མ་སྨད་མ་ཤང་ལུང་སྔོན་དགོན་པའི་བྱ་རོང་ཁ་ཤོར་མཆོད་རྟེན་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་160ཡོད་ལ། དུས་ཡུན་ལོ་བདུན་རིང་བཟོ་སྐྲུན་ལེགས་གྲུབ་བྱུང་།
        གསུམ། 1998ལོར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སྒོ་མང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་65ཡོད་ལ། དུས་ཡུན་ལོ་གསུམ་ནང་བཟོ་སྐྲུན་ལེགས་གྲུབ་བྱུང་།
        བཞི། 2001ལོར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སྒོ་མང་དགོན་པའི་ལྷ་ཁང་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་30ཡོད་ལ། དུས་ཡུན་ལོ་གཅིག་ནང་བཟོ་སྐྲུན་ལེགས་གྲུབ་བྱུང་།
        ལྔ་། 2002ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དར་མཚོ་རྫོང་གི་བྲག་དཀར་སྤྲེལ་རྫོང་དགོན་པའི་དུས་འཁོར་མཆོད་རྟེན་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་25ཡོད་ལ། དུས་ཡུན་ལོ་གཅིག་ནང་བཟོ་སྐྲུན་ལེགས་གྲུབ་བྱུང་།
         དྲུག  2003ལོར། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་རྡོ་སྦིས་ཤང་ཉིན་པ་དགོན་པའི་མཆོད་རྟེན་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་50ཡོད་ལ། རང་ཁྱིམ་ཚང་གིས་རོགས་དངུལ་སྤྲོད་པ་ལས་བཞེངས་པ་ཡིན།
         བདུན། 2005ལོར། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་བླ་བྲང་དགོན་པའི་རྟ་མགྲིན་ལྷ་ཁང་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་65ཡོད་ལ། དུས་ཡུན་ལོ་གསུམ་ནང་བཟོ་སྐྲུན་ལེགས་གྲུབ་བྱུང་། 
         བརྒྱད། 2006ལོར། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་རྫོང་རྡོ་སྦིས་ཤང་དགུ་རུ་དགོན་པའི་བྱམས་ཁང་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་55ཡོད་ལ། དུས་ཡུན་ལོ་གཉིས་ནང་བཟོ་སྐྲུན་ལེགས་གྲུབ་བྱུང་།  
        དགུ། 2007ལོར། རྨ་ལྷོ་ཁུལ་ཧི་ནན་རྫོང་ལ་ཁ་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་65ཡོད་ལ། དུས་ཡུན་ལོ་གསུམ་ནང་བཟོ་སྐྲུན་ལེགས་འགྲུབ་བྱུང་།  
         བཅུ། 2010ལོར། རྡོ་སྦིས་ཤང་ཉིན་པ་སྡེ་བའི་སྒར་བ་གནའ་མཁར་གྱི་ལྷ་ཁང་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་15ཡོད་ལ། ལྷ་ཁང་འདི་ཉིད་སྒེར་གྱིས་རོགས་དངུལ་སྤྲོད་པ་ལས་གསར་བཞེངས་བྱས།  
        བཅུ་གཅིག  2013ལོར། རྡོ་སྦིས་ཤང་ཉིན་པ་སྡེ་བའི་མ་ཎི་ཁང་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་60ཡོད་ལ། མ་ཎི་ཁང་འདི་ཉིད་རང་གིས་རོགས་དངུལ་སྤྲོད་པ་ལས་གསར་བཞེངས་བྱས། 
         བཅུ་གཉིས། 2014ལོར། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ལ་མོ་སྒར་ཐོག་ཀུན་བདེ་གླིང་དང་དགོན་དེའི་གོས་སྐུ་བཤམས་ས་གསར་བཞེངས་བྱས་པ་དང་། ཨར་ལས་མི་སྣ་45ཡོད་ལ། དུས་ཡུན་ལོ་གཉིས་ནང་བཟོ་སྐྲུན་ལེགས་གྲུབ་བྱུང་།
         གསུམ་པ། འཛུགས་སྐྲུན་ལས་གཞི།
         ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་གི་བླ་བྲང་དགོན་པའི་བཙན་ཁང་གསར་བཞེངས་བྱེད་བཞིན་ཡོད་ལ། 2016ལོའི་ཟླ་8པར་སྐྲུན་འགོ་བརྩམས་པ་དང་། སྔོན་དཔག་བྱས་ན་ལོ་ལྔའི་ནང་བཟོ་སྐྲུན་ལེགས་འགྲུབ་འབྱུང་ངེས། 
         ཛ་དྲག་ཆེ་བའི་ཁྲོམ་རའི་འགྲན་རྩོད་ཁྲོད། ཀུང་སིས་དུས་དང་རྣམ་པ་ཀུན་ཏུ"ཕུལ་དུ་བྱུང་བའི་རུ་དཔུང་ཞིག་འཛུགས་པ་དང་། ཕུལ་དུ་བྱུང་བའི་སྤུས་ཚད་ཅིག་ལེགས་པོར་བསྐྲུན་པ། ཕུལ་དུ་བྱུང་བའི་ཕན་འབྲས་ལོན་པར་བརྩོན་ལེན་བྱེད་པ"བཅས་རྒྱུན་འཁྱོངས་བྱས་པ་ཡིན། མུ་མཐུད་དུ་གསར་གཏོད་གསར་འབྱེད་བྱས་ནས་སྟོབས་ལྡན་གྱི་ཀུང་སི་མང་པོ་ཞིག་དང་ངལ་ལས་མཉམ་འབྲེལ་ཀྱི་འབྲེལ་བ་བཙུགས་པ་ཡིན། ཀུང་སི་བཙུགས་པའི་སྔ་རྗེས་སུ། མཚོ་སྔོན་ལ་རྐང་བཙུགས་པ་དང་། རྒྱལ་ཡོངས་ལ་ཁེབས་པར་བྱས་པས། བོད་ལུགས་བཟོ་སྐྲུན་གྱི་ལས་གཞི་མང་པོ་ཞིག་ལ་ལས་རིགས་ནང་ཁུལ་གྱི་གདེང་འཇོག་གང་ལེགས་ཐོབ་པ་སྟེ། དཔེར་ན། མཚོ་ལྷོ་ཁུལ་གྱི་གཙང་དགོན་པ་དང་། བྲག་དཀར་སྤྲེལ་རྫོང་དགོན་པ། ཀན་སུའུ་ཞིང་ཆེན་གྱི་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ། དཔར་ཁང་། གུང་ཐང་མཆོད་རྟེན་ཆེན་མོ། ཀན་སུའུ་ཀླུ་ཆུ་རྫོང་གི་ཤེས་གཙང་དགོན་པ། གཙོས་གྲོང་ཁྱེར་གྱི་སྲས་མཁར་དགུ་ཐོག  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སྒོ་མང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་སོགས་དགོན་སྡེ་གལ་ཆེན་དག་དང་ས་གནས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། ཀུང་སིས་ལས་བཟོ་བ་དང་ལས་རིགས་ཁག་གི་གྲོགས་པོ་རྣམས་དང་ལག་གདང་གཅིག་ཏུ་སྦྲེལ་ནས། མུ་མཐུད་དུ་བོད་ལུགས་བཟོ་སྐྲུན་ལ་ལག་རྗེས་གང་མང་བཞག་སྟེ། རྒྱ་ཆེའི་བེད་སྤྱོད་གཏོང་མཁན་རྣམས་ལ་ཆེས་ལེགས་པའི་ཞབས་འདེགས་མཁོ་འདོན་བྱ་རྒྱུ་ཡིན་པས། མཉམ་འབྲེལ་གྱི་ལས་ཁུངས་གསར་རྙིང་རྣམས་ངེད་ཀུང་སིར་ལས་རིགས་ཀྱི་ཐད་ལ་གྲོས་བསྡུར་གནང་བར་ཕེབས་རྒྱུར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་པ་ཡིན།  ཀུང་སིའི་ལོ་ཧྲིལ་པོའི་བཟོ་སྐྲུན་ལེགས་འགྲུབ་ཀྱི་གན་རྒྱའི་མ་དངུལ་སྒོར་ཁྲི600ལ་ཟིན་གྱི་ཡོད་པ་དང་། ད་ལྟའི་བར་དུ་སྤུས་ཚད་བདེ་འཇགས་ཐད་ཚབས་ཆེ་བའི་ལས་འཛོལ་གང་ཡང་བྱུང་མྱོང་མེད།  
         བཞི་བ།  ཀུང་སིའི་ལས་གཉེར་གྱི་ཁྱབ་ཁོངས།
         ཨར་ལས་བཟོ་སྐྲུན། དགོན་པ་བཟོ་སྐྲུན་གྱི་འཆར་འགོད། ཨར་ལས། ཆུ་བེད་ཆུ་གློག་གི་བཟོ་སྐྲུན། ལམ་ཁ་དང་ཟམ་པ་རྒྱག་པའི་བཟོ་སྐྲུན། ཕུག་ལམ་བཟོ་སྐྲུན། སྐྱེ་ཚལ་སྔོ་འགྱུར་གྱི་བཟོ་སྐྲུན། གྲོང་སྲིད་བཟོ་སྐྲུན། བཟོ་སྐྲུན་མཛེས་འཆོས་སྤྲས་པའི་བཟོ་སྐྲུན། ས་དང་རྡོ་དབོར་འདྲེན་གྱི་བཟོ་སྐྲུན། ཨར་འདམ་བཟོ་སྐྲུན། ཕྱི་གྱང་དྲོད་སྲུང་བཟོ་སྐྲུན། བཟོ་སྐྲུན་ངལ་ལས་བགོ་བཤའ། ལྕགས་རིགས་ཀྱི་སྒོ་དང་སྒེའུ་ཁུང་བཟོ་བ། ཤེལ་སྒོའི་གྱང་། རྣོ་ལྕགས་སྒྲིག་གཞིའི་བཟོ་སྐྲུན་ལྷུ་སྒྲིག བཟོ་སྐྲུན་འཕྲུལ་ཆས་བོགས་གཏོང་། བཟོ་རྩལ་དངོས་རྫས་འཆར་འགོད། སྡེབ་འཚོང་དང་སིལ་འཚོང་། འཛུགས་སྐྲུན་རྒྱུ་ཆ། ལྕགས་རིགས་གློག་ཆས། མཛེས་སྤྲས་རྒྱུ་ཆ། ཐུམ་སྒྲིལ་ཟས་རིགས། ཁ་འཐོར་ཟས་རིགས། གློག་སྐུད་གློག་ཐག བཟོ་རྩལ་ཐོན་རྫས་སྡེབ་འཚོང་དང་སིལ་འཚོང་། དྲྭ་རྒྱའི་ལག་རྩལ་གསར་འབྱེད། ལག་རྩལ་ནང་བཤུག་གཏོང་བ། ལག་རྩལ་སྐུལ་སྤེལ། མི་ཤུགས་ཐོན་ཁུངས་བློ་འདྲིའི་ཞབས་ཞུ། ཚོགས་ཁང་བཀོད་སྒྲིག་ཞབས་ཞུ། ལོ་ཙཱའི་ཞབས་ཞུ། ཁེ་ལས་དོ་དམ་བློ་འདྲི་བ། ཁང་སའི་ཐོན་ལས་གསར་འབྱེད། ཁྲོམ་ར་བརྟག་དཔྱད་ཞབས་ཞུ། རིག་གནས་སྒྱུ་རྩལ་སྤེལ་རེས་བྱ་འགུལ་རྩ་འཛུགས་དང་འཆར་འགོད། རིག་གནས་སྒྱུ་རྩལ་གསར་རྩོམ་ཞབས་ཞུ། བརྡ་ཁྱབ་འཆར་འགོད་དང་བཟོ་སྒྲུབ། ཚབ་བྱེད་པ། ཁྱབ་བསྒྲགས་གཏོང་བ། ཡུལ་སྐོར་ལས་གཞི་གསར་འབྱེད་བཅས་ཡོད་དོ།  ། 
          ལྔ་བ། ཀུང་སིའི་ཚོང་གཉེར་གྱི་འདུ་ཤེས།
          མེ་ལོང་ལྟར་གསལ་བའི་ཚོང་གཉེར་དེ་ཞིབ་ཚགས་པའི་བརྒྱུད་རིམ་གྱིས་རྨང་གཞི་བྱས་ཏེ་སྤུས་ཚད་དེ་དམིགས་ཚད་དུ་འཇོག་པ་དང་། "བོད་ལུགས་བཟོ་སྐྲུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་མཛུབ་སྟོན་གྱི་ཁ་ཕྱོགས་དང་། བོད་ལུགས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། སྤུས་ཚད་ལ་དམིགས་ནས་ཡིད་རྟོན་བྱེད་ཆོག་པ་དང་། དོ་དམ་ལ་དམིགས་ནས་ཕན་འབྲས་ཐོན་པའི"ཚོང་གཉེར་ཐབས་ཇུས་རྒྱུན་འཁྱོངས་བྱས་པ་དང་། "བཟོ་སྐྲུན་གཅིག་ལེགས་འགྲུབ་བྱུང་རྗེས། མཛད་རྗེས་ཀྱི་རྡོ་རིང་ཆེན་པོ་ཞིག་བསླངས་བའི"རྩ་དོན་འགྲུབ་པར་བྱེད་པ་དེ་ཡིན་ནོ།།
         ཀུང་སའི་འབྲེལ་གཏུག་བྱ་ཡུལ།  རིན་ཆེན་ཚེ་རིང་། འབྲེལ་གཏུག་ཁ་པར།  18911738529 Q Q ཨང་གྲངས།   254826375 ཡིག་སྒམ།   254826375@qq.com སྐད་འཕྲིན།   qhzangjian
    ༄༅།།མཚོ་སྔོན་བོད་སྐྲུན་བོད་ལུགས་ཨར་ལས་བཟོ་སྐྲུན་ཚད་ཡོད་ཀུང་སི།
      

    ཕྱོགས་བསྡུས་གསར་འགྱུར།