འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་ཐོག་ལོ་དཀྱིལ་དུ“ལྷོ་རྒྱ་
    མཚོའི་བྱ་སྤྱོད་ཚད་འཛིན”གྱི་སྒྲོམ་གཞི་བཟོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་21ཉིན་ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཡཱ་སའེ་ཡིས་སྐབས་ལྔ་བཅུ་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུའི་གྲུབ་འབྲས་ངོ་སྤྲོད་གནང་སྐབས་ཚོགས་འདུའི་ཐོག་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱས་ཏེ་འདི་ལོའི་ལོ་དཀྱིལ་དུ་ཀྲུང་གོ་དང་མཉམ་དུ“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་འཛིན”གྱི་སྒྲོམ་གཞི་བཟོ་ཐུབ་པའི་བརྩོན་ལེན་བྱས་ནས“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི”གཏན་འཁེལ་བྱ་ཕྱིར་རྨང་གཞི་ཡག་པོ་ཞིག་འདིང་དགོས་པའི་ནན་བཤད་བྱས་ཡོད་ཅེས་གསུངས་པ་རེད།
          ཡཱ་སའེ་ཡིས་ཚོགས་འདུ་གྲོལ་རྗེས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོགས་ཞུགས་རྒྱལ་ཁབ་ཉུང་ཤས་ཀྱིས་མིག་སྔའི་ལྷོ་རྒྱ་མཚོའི་དུས་བབ་ལ་སེམས་ཁྲལ་བྱེད་པ་དང་ཆབས་ཅིག་ཁོང་ཚོས་འབྲེལ་ཡོད་རྒྱལ་ཁབ་དབར་དང་གླེང་མོལ་བྱ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཕྱོགས་ཁག་གིས་འབྲེལ་ཡོད་རྒྱལ་ཁབ་དབར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱ་རྒྱུར་མོས་མཐུན་གནང་ཡོད་ཅེས་གསུངས་པ་རེད།
          ཡཱ་སའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཏོན་པའི་འདྲི་བར་ལན་སྐྱོན་སྐབས་ཧྥི་ཀྲུང་དབར་གྱི་འབྲེལ་བའི་ངོས་ནས་བལྟས་ན། ཧྥི་ལི་ཕིན་གྱིས་ད་ལྟ་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་དོན་གྱི་གྲུབ་འབྲས་ཟུར་འཇོག་བྱེད་དགོས། གང་ལགས་ཤེ་ན། ལྷོ་རྒྱ་མཚོའི་གནད་དོན་དེ་ཧྥི་ཀྲུང་དབར་གྱི་འབྲེལ་བའི་ཁྲོད་ཀྱི་ཚང་མ་མིན་པས་རེད། ཧྥི་ཀྲུང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་རིམ་ངོས་དེ་བས་ཆེ་བར་དོ་ཁུར་བྱེད་དགོས་ཀྱི་འདུག་ཅེས་གསུངས་པ་རེད། ཁོང་གིས་ཧྥི་ཀྲུང་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་ཀྱི་ཁེ་ཕན་མཐུན་མཚམས་ལ་དམིགས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པའི་བྱ་བ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
          སྐབས་ལྔ་བཅུ་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་གོང་ཚེས་ཉིན་གྱི་སྔ་དྲོ་ཧྥི་ལི་ཕིན་གྱི་ཡུལ་སྐོར་གནས་མཆོག་སྟེ་ཁྲང་ཐེན་གླིང་ཕྲན་དུ་འཚོགས་ཤིང་། དེ་ནི་ཧྥི་ལི་ཕིན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན་འཚོགས་པའི་ཚོགས་འདུ་གལ་ཆེན་ཐོག་མ་རེད།
      

    ཕྱོགས་བསྡུས་གསར་འགྱུར།