འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་གྱི་གྲོང་ཚོར་བཅའ་སྡོད་ཀྱི་ལས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་གྱི་གྲོང་ཚོར་བཅའ་སྡོད་ཀྱི་ལས་བྱེད་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་བསྡུས་བ་གྲོང་ཚོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཧ་ལམ་སྨི་5070ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་ཞིག་རེད། འདི་རུ་དབྱར་དུས་ནི་ཟླ་བ་གཉིས་ལྷག་ལས་མེད་ལ། མཁའ་དབུགས་ཁྲོད་དུ་དབྱང་དབུགས་ལྡན་ཚད་ནང་སའི་ཕྱེད་ཀ་ལས་ཀྱང་ཉུང་བ་རེད། ལོ་35སོན་པའི་ཀུན་ཆོས་དང་ལོ་29སོན་པའི་ཚེ་རིང་མཚམས་གཅོད་གཉིས་ནི་བསྡུས་བ་གྲོང་ཚོར་བཅའ་སྡོད་ལས་བྱེད་རུ་ཁག་གི་རུ་མི་རེད། ས་གནས་དེར་ཁོར་ཡུག་ཆ་རྐྱེན་ཧ་ཅང་ཞན་ཡང་། བོད་རིགས་བུད་མེད་གཉིས་ཀྱིས་མང་ཚོགས་ལ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད། 2011ལོའི་ཟླ་10པར་བོད་ལྗོངས་སུ"རྨང་གཞི་བརྟན་གཏོང་དང་དམངས་འཚོར་གཟིགས་སྐྱོང"གི་བྱེད་སྒོ་སྤེལ་བ་ནས་བཟུང་ལོ་རེར་ཕུལ་བྱུང་ལས་བྱེད་པ་ཁྲི་གཉིས་ལྷག་སྲིད་འཛིན་གྲོང་ཚོ་5000ལྷག་ཏུ་བཅའ་སྡོད་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་གྲོང་གསེབ་དང་འབྲོག་ཁུལ་ཏུ་ཟབ་འཇུག་བྱས་ནས་གཞི་རིམ་རྩ་འཛུགས་སྟོབས་ལྡན་དུ་འགྱུར་བར་བྱེད་པ་དང་། མང་ཚོགས་ལ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རོགས་བྱས་པས་མང་ཚོགས་ཀྱི་བསྟོད་བསྔགས་ཐོབ་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་གྱི་གྲོང་ཚོར་བཅའ་སྡོད་ཀྱི་ལས་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།