འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་ཁྲེང་ཏུའུ་ཡིས་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐེངས་1000
    གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ན་ནིང་ཀྲུང་གོ་ནས་ཡོ་རོབ་བར་དུས་གཏན་མེ་འཁོར་ཐེངས་460བཏང་བའི་རྨང་གཞིའི་ཐོག་ཁྲེང་ཏུའུ་གྲོང་ཁྱེར་གྱིས་འདི་ལོ་དབྱི་སི་ཐན་པོར་དང་མོ་སི་ཁོར་གཏོང་བའི་ལམ་ཐིག་གསར་པ་གཏོད་ནས་དཀྱིལ་ལམ་དང་། ལྷོ་ལམ། བྱང་ལམ་བཅས་ཕྱོགས་མང་ལ་གཏོང་བའི་རྣམ་པ་གཏོད་རྒྱུ་མ་ཟད། ལོ་ཧྲིལ་པོར་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་ཐེངས་1000གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
           གསར་འགོད་པར་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་དུས་གཏན་མེ་འཁོར་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཁྲེང་ཏུའུ་ཡིས་རྒྱལ་སྤྱིའི་དུས་གཏན་མེ་འཁོར་ཕྱོགས་མང་ལ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”ས་ཁུལ་གྱི་དཔལ་འབྱོར་དངོས་ཚན་གཙོ་བོར་ཐད་གཏོང་བྱ་རྒྱུ་རེད། ཁྲེང་ཏུའུ་ནས་ཕོ་ལན་གྱི་ལུའོ་ཙི་དང་། ཧོ་ལན་གྱི་ཏིར་པའོ། འཇར་མན་གྱི་ཉིའུ་ལུན་པའོ་བཅས་ཀྱི་སྔར་ཡོད་ལམ་ཐིག་མང་དུ་གཏོང་རྒྱུ་ཕུད་འདི་ལོ་ད་དུང་ཁྲེང་ཏུའུ་ནས་དབྱི་སི་ཐན་པོར་དང་ཁྲེང་ཏུའུ་ནས་མོ་སི་ཁོ་བར་གྱི་དུས་གཏན་མེ་འཁོར་དངོས་སུ་ཤར་གཏོང་བྱས་ནས་ཀྲུང་གོ་ནས་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་གྱི་དཀྱིལ་ལམ་དང་། ལྷོ་ལམ། བྱང་ལམ་བཅས“ལམ་ཐིག་གསུམ་ཟུང་དུ་འབྲེལ་བའི”རྣམ་པ་ཞིག་ཆགས་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།