འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ས་ངོས་ནས་བར་སྣང་ལ་འཕེན་པའི་མེ་ཤུགས་འཕུར་མདའ་གསར་ཤོས་S-500ཡི་
    མ་དཔེའི་དཔེ་མཚོན་འཕྲུལ་འཁོར་ལོ་གསུམ་ནང་བཟོ་ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨུ་རུ་སུའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་པའོ་ལི་སུའོ་ཕུའུ་ཡིས་ཨུ་རུ་སུའི་བཟོ་དབྱིབས་གསར་ཤོས་ཀྱི་རྒྱང་འཕེན་ས་ངོས་ནས་བར་སྣང་ལ་འཕེན་པའི་མེ་ཤུགས་འཕུར་མདའ་S-500ཡི་ཞིབ་འཇུག་ལས་དོན་འཆར་གཞི་ལྟར་སྤེལ་བཞིན་ཡོད་པ་དང་། སྔོན་དཔག་ལྟར་ན། 2020ལོར་ཚོད་ལྟར་སྤྱོད་པའི་མ་དཔེའི་དཔེ་མཚོན་འཕྲུལ་འཁོར་བཟོ་རྒྱུ་རེད་ཅེས་བརྗོད་པ་རེད།
           ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། པའོ་ལི་སུའོ་ཕུས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེའི་རྒྱལ་སྤྱིའི་འགོག་སྲུང་ལས་དོན་འགྲེམས་སྟོན་ལ་ཞུགས་སྐབས་དེ་ལྟར་བརྗོད་པ་རེད། ཞིབ་འཇུག་གསར་སྤེལ་གྱི་འཆར་གཞི་གཞིར་བཟུང་། S-500ཡི་མེ་ཤུགས་འཕུར་མདའ་དེས་མཁའ་ཟོན་དང་། མེ་ཤུགས་འཕུར་མདའ་འགོག་པ་སྲུང་སྐར་འགོག་པ་བཅས་ཀྱི་ལས་འགན་སྒྲུབ་པའི་ཨུ་རུ་སུའི་ས་ངོས་ནས་བར་སྣང་ལ་འཕེན་པའི་མེ་ཤུགས་འཕུར་མདའ་ཐོན་གསར་པ་དང་པོ་དེ་ཡིན་པ་དང་། དེ་ཨུ་རུ་སུའི་ད་ལྟ་དམག་སྐུལ་དང་ལེན་བྱེད་བཞིན་པའི་ཨུ་རུ་སུའི་S-400ཡི་ས་ངོས་ནས་བར་སྣང་ལ་འཕེན་པའི་མེ་ཤུགས་མདའི“རྒྱུན་འཛིན་པ”ཞིག་ཏུ་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།