འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པ་
    དངོས་སུ་པར་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པ་
དངོས་སུ་པར་སྐྲུན་བྱས་པ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝན་དབྱིན་དང་བོད་སྐད་ཡིག་ཡིག་སྒྱུར་ཁང་གི་འགོ་འཛིན་ཟླ་བ་ཚེ་རིང་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།
         《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པ་ནི་ཀྲུང་གོ་མི་རིགས་ཡིག་སྒྱུར་ཅུས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ལ། 2014ལོར་《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་》དང་《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པའི་དེབ་གཉིས་པར་སྐྲུན་བྱས་རྗེས་ཀྱི་བོད་ཁུལ་གྱི་ས་མིང་ཚིག་མཛོད་གལ་ཆེན་ཞིག་ཀྱང་ཡིན། དེབ་འདིའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་ཧ་ལམ་ཁྲི2.5ལྷག་བསྡུ་སྒྲིག་བྱས་ཡོད།
         《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》དང་《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར་》དང་《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པའི་དེབ་གསུམ་སྔ་རྗེས་སུ་པར་དུ་བསྐྲུན་པ་འདིས། བོད་རང་སྐྱོང་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་གྱི་ལས་དོན་ལེགས་འགྲུབ་བྱུང་བ་མཚོན་ཞིང་། འདིར་བོད་ཀྱི་ས་མིང་ལོ་ཙཱ་གཅིག་གྱུར་དང་ཚད་ལྡན་ཡོང་བར་དོན་དམ་གྱི་རིན་ཐང་ཆེན་པོ་ལྡན། དུས་མཚུངས་སུ་དེབ་འདི་གསུམ་གྱིས་བོད་རྒྱའི་ས་མིང་ལོ་ཙཱའི་ཁྱབ་ཁོངས་ཀྱི“སྟོང་ཆ”ཆེན་པོ་ཞིག་ཀྱང་བསྐངས་ཡོད།
         《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》བསྡུ་སྒྲིག་བྱེད་སྐབས་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་དང་ཡིག་སྒྱུར་ཅུས་སོགས་ཀྱི་ལས་ཁུངས་དང་འབྲེལ་ཡོད་མི་སྣས་རྒྱབ་སྐྱོར་དང་རོགས་སྐྱོར་ཆེན་པོ་ཐོབ་ཡོད།
    ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར་》ཞེས་པ་
དངོས་སུ་པར་སྐྲུན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།