འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ལྷོ་གསེར་ཆེན་རྫོང་དུ་སྲིད་གཞུང་གི་ཁོར་ཡུག་གཙང་སྦྲའི་ཞབས་ཞུ་ཉོ་སྒྲུབ་ཀྱི་ཕན་འབྲས་
    མངོན་གསལ་དོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་། མཚོ་ལྷོ་རྫོང་གིས་ཆབ་ཆ་གྲོང་རྡལ་གྱི་ཁོར་ཡུག་གཙང་སྦྲའི་ལམ་སྲོལ་སྒྱུར་བཅོས་ལ་འཚོལ་ཞིབ་ཤུགས་ཆེན་བྱས་ནས་2016ལོའི་ཟླ་1པོ་ནས་བཟུང་སྲིད་གཞུང་གིས་ཕྱོགས་གསུམ་པའི་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་བརྒྱུད་ཆབ་ཆ་གྲོང་ཁུལ་རྙིང་པའི་ཁོར་ཡུག་གཙང་སྦྲའི་ལས་དོན་སི་ཁྲོན་ཏ་ཨའོ་སིའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སི་མཚོ་ལྷོ་ཡན་ལག་ཀུང་སིར་དོ་དམ་བྱ་རྒྱུར་རྩིས་སྤྲད་དེ“དངུལ་བཏང་ནས་མི་གསོ་བ”ནས“དངུལ་བཏང་ནས་བྱ་བ་སྒྲུབ་པའི”བར་བསྒྱུར་ཏེ་ཆབ་ཆ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པའི་ཁོར་ཡུག་གཙང་སྦྲ་ཕྱོགས་མང་པོ་ནས་དོ་དམ་དང་ལས་ཕྱོད་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་རིམ་གྱིས་ཐག་གཅོད་ཐུབ་ནས་ཁོར་ཡུག་གཙང་སྦྲའི་ཆུ་ཚད་མཐོ་རུ་ཕྱིན་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་གཞུང་གི་གཙང་སྦྲའི་ལས་འགན་འགན་ལེན་བྱ་ཆེད། སི་ཁྲོན་ཏ་ཨའོ་སིའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སི་མཚོ་ལྷོ་ཡན་ལག་ཀུང་སིས་ཞིབ་ཚགས་པའི་དོ་དམ་འདུ་ཤེས་ནས“ཉིན་གཅིག་ལ་གད་ཐེངས་གཉིས་བརྒྱབ་ནས་ཉིན་གང་གཙང་མ་ཡོང་བའི་འགན་ལེན”བྱེད་པའི་བྱེད་སྟངས་ལྟར་ཁྲོམ་གཞུང་གི་གཙང་སྦྲའི་ལས་འགན་ལེགས་སྒྲུབ་བྱེད་པ་ཕུད། ད་དུང་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མདོའི་ཁོར་ཡུག་གཙང་སྦྲའི་གད་སྙིགས་གཙང་སེལ་ལས་དོན་སྤེལ་ཤུགས་ཆེ་རུ་ཡང་བཏང་བ་དང་། མི་སྣ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་དུ་དོ་དམ་བྱེད་མཁན་མེད་པའི་སྡོད་ཁང་རྙིང་པ་དང་ཁྲོམ་གཞུང་དང་སྲང་ལམ་གྱི་འཚོ་བའི་གད་སྙིགས་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཡོད། དེ་དང་ཆབས་ཅིག་ཆུ་ལམ་དང་ཟམ་པའི་ལམ་དུམ་སོགས་ཀྱི་ཁོར་ཡུག་གཙང་སྦྲའི་གཙང་སེལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད། གླེང་རིན་ཡོད་པ་ཞིག་ལ་འཕྲུལ་འཁོར་སྒྲིག་ཆས་སྤྱད་ནས་ཁོར་ཡུག་གཙང་སྦྲའི་ལས་དོན་ལེགས་སྒྲུབ་བྱེད་པའི་རྨང་གཞིའི་ཐོག་ཁེ་ལས་ཀྱིས་ཁོར་ཡུག་གཙང་སྦྲའི་བཟོ་པའི་གླ་ཆ་མཐོ་རུ་བཏང་བས་མི་སྣའི་ཧུར་སེམས་ཆེ་རུ་ཕྱིན་ཡོད།
          ཁེ་ལས་ཀྱི་འཁོར་སྐྱོད་ལ་ལྟ་སྐུལ་དང་མཛུབ་ཁྲིད་སྔར་བས་ལེགས་པ་བྱ་ཆེད། ཁོར་ཡུག་གཙང་སྦྲ་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ལག་བསྟར་བྱས་རྗེས་གསེར་ཆེན་རྫོང་གྲོང་ཁྱེར་དང་གྲོང་རྡལ་དོ་དམ་ཅུས་ཀྱི་ཁོར་ཡུག་གཙང་སྦྲ་རུ་ཆེན་གྱིས་ཟླ་མི་རེ་ངོ་རེར་ཞིབ་ཕྲའི་གཙང་སྦྲའི་སྤུས་ཚད་ཚད་གཞི་གཞིར་བཟུང་དཔྱད་ཞིབ་དང་སྐར་མ་བརྒྱབ་ཁར། ཁེ་ལས་ཀྱི་ཡོང་འབབ་དང་ཐད་ཀར་འབྲེལ་ནས་ཁོར་ཡུག་གཙང་སྦྲའི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་དང་ལེགས་སུ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།