འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥེ་རི་ཁའི་མཁས་དབང་གིས“འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་
    བསྐྲུན་རྒྱུ”ནི་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དགོས་འདུན་དང་ཧ་ཅང་
    མཐུན་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་23ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ང་ལྔ་པའི་ཐོག“སྤྱི་ཚོགས་ངོས་ཀྱི་ཨ་ཧྥེ་རི་ཁས་རོགས་ཟླའི་འབྲེལ་བ་གསར་པའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ”ཞེས་པའི་གྲོས་ཆོད་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་སྟེ“འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི”བསམ་བློ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ནང་ཐོག་མར་བཅུག་ཅིང་། ཨ་ཧྥེ་རི་ཁའི་མཁས་དབང་གིས་ཀྲུང་གོས་འབོད་སྐུལ་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་མཛུབ་ཁྲིད་བྱེད་ཕྱོགས་གསར་པ་དེ་འཛམ་གླིང་གི་འཕེལ་རྒྱས་དུས་བབ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དགོས་འདུན་དང་ཧ་ཅང་མཐུན་པའི་ངོས་འཛིན་བྱས།
           ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ལྷན་གྱི་མཐོ་རིམ་བློ་ཇུས་འདྲི་ཡུལ་ཡིན་པའི་ཁོའོ་སི་ཐན་ཏི་ནོ་སིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་། ཁྲིམས་ལུགས། ཆབ་སྲིད་བཅས་གཞི་གཅིག་ཅན་ཉིན་རེ་བཞིན་འགྱུར་འགྲོ་མགྱོགས་སུ་ཕྱིན་དེས་རྒྱལ་ཁབ་ཀྱི་བདག་དབང་ལ་འགྲན་སློང་བྱེད་འགོ་ཚུགས་ཡོད་པས། རྒྱལ་ཁབ་སྒྲོལ་བའི་སྤྱི་དམངས་ཀྱི་ཁེ་དབང་དང་རྒྱལ་ཁབ་དབར་གྱི་འབྲེལ་བར་མཛུབ་ཁྲིད་བསམ་བློ་གསར་པ་ཞིག་དགོས་གལ་ཆེ་བའི་སྐབས། ཀྲུང་གོས་བཏོན་པའི“འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ”དེ་དུས་བབ་འདི་དང་ཏག་ཏག་འཚམས་ཡོད་ཅེས་བཤད།
           ཁོའོ་སི་ཐན་ཏི་ནོ་སིས་ཨ་ཧྥེ་རི་ཁའི་ཐུན་མོང་གི་འཕེལ་རྒྱས་ལ་རྒྱུ་མང་གི་ལམ་སྲོལ་ཆ་ཚང་བ་ཞིག་དགོས། དེ་ལྟར་བྱུང་ཚེ་དགག་སྒྲུབ་ཀྱི་བསམ་ གཞིག་འགན་སྲུང་ཐུབ་ནས་ཞི་བདེའི་ཐེ་ཞུགས་དང་འགྲན་རྩོད་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་ཐུབ་པས་ཀྲུང་གོའི་འབོད་སྐུལ་དེས་ཨ་ཧྥེ་རི་ཁ་སྔར་བས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ནང་ཞུགས་རྒྱུར་དེ་བས་ཕན་པ་ཡོད་ཅེས་བཤད།
          ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་འཆམ་བྱས་པའི་གྲོས་ཆོད་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་གཉིས་ཕན་དང་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་སྙིང་སྟོབས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་བྱས་ཤིང་། ད་དུང་གྲོས་ཆོད་ནང་ཕྱོགས་ཁག་གིས་ཨ་ཧྥེ་རི་ཁའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་འཕེལ་རིམ་ལ་སྔར་བས་སྐུལ་མ་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སོགས་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་མ་གཏོང་བའི་བྱེད་ཐབས་སྟབས་བདེ་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལུགས་འཁོད་ཡོད།
          ཁོའོ་སི་ཐན་ཏི་ནོ་སིས་ཀྲུང་གོས་བྱ་སྤྱོད་ངོ་མའི་ཐོག་ནས“འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི”བསམ་བློ་དོན་འཁྱོལ་བྱེད་བཞིན་ཡོད། “ད་ཆ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་འཛམ་གླིང་ཀུན་གྱིས་དོ་ཁུར་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དེས་ཨ་ཧྥེ་རི་ཁ་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་པའི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཀྱི་གནད་དོན་སེལ་ཐུབ་རྒྱུ་ཡིན་པ་སྨོས་ཅི་དགོས”ཞེས་བཤད།
          དེ་དང་ཆབས་ཅིག་ཁོའོ་སི་ཐན་ཏི་ནོ་སིས་ཀྲུང་གོར་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་བྱས་ཤིང་། ཁོང་གིས“ཀྲུང་གོ་འཆར་གཞིའི་དཔལ་འབྱོར་ནས་ཁྲོམ་རའི་དཔལ་འབྱོར་དུ་ཕྱོགས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་དུང་ཕྱུར་མང་པོ་དབུལ་ཕོངས་གནས་ལས་སྒྲོལ་ཐུབ་པ་བྱུང་བ་དེར་ཨ་ཧྥེ་རི་ཁས་སློབ་སྦྱོང་བྱེད་དགོས་པ་ཞིག་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།