འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།གོས་གསར་དང་ལོ་གསར་གྱི་ཉེར་མཁོ་ཉོས་ནས་གནམ་ལོ་གསར་ཚེས་བསུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་20ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལྷ་སའི་གྲོང་མི་ཡིས་བར་སྐོར་ཚོང་ར་ནས་གཡང་འབོ་འདེམས་ཉོ་བྱེད་བཞིན་པ།
    ལྷ་སའི་གྲོང་མི་ཡིས་བར་སྐོར་ཚོང་ར་ནས་གཡང་འབོ་འདེམས་ཉོ་བྱེད་བཞིན་པ།
          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་བཏང་ཚར་ཙམ་ལ་བོད་ཀྱི་གནམ་ལོ་གསར་ཚེས་ཀྱང་འཆར་ལ་ཉེ། ལྷ་སའི་ལུང་གཞུང་ནས་བྱང་ཐང་མཐོ་སྒང་བར་དང་། སྟོད་མངའ་རིས་ནས་ཁམས་ཆབ་མདོའི་བར། གྲོང་ཁྱེར་ནས་ཞིང་འབྲོག་ཁུལ་བར། གངས་ལྗོངས་མཐོ་སྒང་གི་ག་ས་གང་དུ་དགའ་སྤྲོ་དང་། བཀྲ་ཤིས། དགའ་སྟོན་རྟེན་འབྲེལ་བཅས་ཀྱི་ལོ་གསར་རྣམ་པས་ཁེངས་ཡོད་པ་རེད།
         རྒྱ་ཆེའི་མང་ཚོགས་ལ་སྤྲོ་སྣང་ལྡན་ཞིང་བཀྲ་ཤིས་པའི་ལོ་གསར་ཞིག་རོལ་བར་བྱ་ཆེད། བོད་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཁག་གིས་ལོ་གསར་གྱི་ཉེར་མཁོའི་དངོས་རྫས་མཁོ་འདོན་གང་ལེགས་བྱས་ཏེ་བོད་ཀྱི་གནམ་ལོ་གསར་ཚེས་རིང་ཁྲོམ་རར་དངོས་ཟོག་མཁོ་སྤྲོད་འབེལ་པོ་དང་ཟོག་གོང་བརྟན་པོ་ཡོང་བར་འགན་སྲུང་བྱེད་བཞིན་ཡོད་པ་དང་། དུས་མཚུངས་སུ་ཚོང་གཉེར་གྱི་དབང་གནོད་བྱ་སྤྱོད་དང་། ཚོང་ཟོག་རྫུན་མ་དང་སྤུས་ཞན་བྲིན་འཚོང་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། ཟས་རིགས་གནོད་མེད་ཡོང་བའི་འགག་སྒོ་ནན་སྲུང་བྱས་ཏེ་མང་ཚོགས་ལ་གནོད་མེད་ཤ་རིགས་དང་གནོད་མེད་ཚལ་རིགས་བཟའ་རྒྱུ་ཡོད་པར་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】
    སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་སེར་གྱིས་ཚོང་རར་ལོ་གསར་ལ་གྱོན་རྒྱུའི་འཇུར་རྟ་ཡུ་རིང་ཉོ་བཞིན་ཡོད་པ།
    སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་སེར་གྱིས་ཚོང་རར་ལོ་གསར་ལ་གྱོན་རྒྱུའི་འཇུར་རྟ་ཡུ་རིང་ཉོ་བཞིན་ཡོད་པ།
    ཕྱོགས་བསྡུས་ཞིང་རྫས་ཚོང་རར་ལོ་གསར་གྱི་ཉེར་མཁོ་འདེམས་ཉོ་བྱེད་བཞིན་པ།
    ཕྱོགས་བསྡུས་ཞིང་རྫས་ཚོང་རར་ལོ་གསར་གྱི་ཉེར་མཁོ་འདེམས་ཉོ་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།