འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ལོ་འཁོར་གྱི་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་བྱ་རྒྱུའི་རྣམ་གྲངས་སྙན་ཞུ་
    འབུལ་རྒྱུའི་སྐོར་གྱི་བརྡ་ཐོ།

    བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་(2016)ཡིག་ཆ་ཨང་གྲངས་195པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་22ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ས་ཁུལ་ཏང་ཨུད་དང་གྲོང་ཁྱེར་ཏང་ཨུད་ཁག་དང་། སྲིད་འཛིན་ཀུང་ཧྲུའུ་དང་སྲིད་གཞུང་ཁག ས་ཁུལ་(གྲོང་ཁྱེར)ཏང་ཨུད་དྲིལ་བསྒྲགས་པུའུ་ཁག་དང་རང་སྐྱོང་ལྗོངས་ཐད་གཏོགས་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སྡེ་ཚན་ཁག་ལ། 
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོང་ཚོགས་ཐེངས་བཞི་པ་དང་། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན། "རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་ལ་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་རྩལ་བརྩམས་ཕུལ་བྱུང་ཁག་གཅིག་གསར་རྩོམ་"བྱེད་ཕྱིར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མཉམ་དུ་གཤམ་སྤེལ་བྱས་པའི་《བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་དང་གཟེངས་བསྟོད་རྣམ་གྲངས་དོ་དམ་བྱ་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས་》དང་《བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་དང་གཟེངས་བསྟོད་མ་དངུལ་དོ་དམ་བྱ་རྒྱུའི་གནས་སྐབས་ལག་བསྟར་བྱ་ཐབས་》ཀྱི་གཏན་འབེབས་ལ་གཞིགས་ནས་བོད་ལྗོངས་བརྗོད་གཞིར་བྱས་པའི་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་རྩལ་བརྩམས་ཕུལ་བྱུང་དང་ཤེས་ལྡན་མི་སྣ་ཁྱབ་སྤེལ་བཏང་ནས་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད། ད་ལྟ་2017ལོའི་ལོ་འཁོར་གྱི་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་བྱ་རྒྱུའི་སྙན་ཞུ་འབུལ་བའི་ལས་དོན་སྐོར་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
         གཅིག ས་ཁུལ་(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་རིག་རྩལ་བརྩམས་ཆོས་སྒྲིག་འཛུགས་འོས་སྦྱོར་དང་སྙན་འབུལ་གནད་འགག་ལེགས་འཛིན་ལས་ཀ་ལེགས་འགྲུབ་ནན་ཏན་བྱས་ཏེ་རིག་རྩལ་བརྩམས་ཆོས་དངོས་འབྲེལ་ཕུལ་བྱུང་རྣམས་འོས་སྦྱོར་བྱ་དགོས་པ།
         གཉིས། སྡེ་ཚན་དང་མི་སྒེར་གྱིས་སྙན་འབུལ་ཞུ་བའི་རིག་རྩལ་བརྩམས་ཆོས་ལ་《བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་སྡེ་ཚན་(ཀུང་སི་)ལ་རོགས་སྐྱོར་བྱ་རྒྱུའི་རྣམ་གྲངས་སྙན་ཞུའི་རེའུ་མིག་》དང་《བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་མི་སྒེར་ལ་་རོགས་སྐྱོར་བྱ་རྒྱུའི་རྣམ་གྲངས་སྙན་ཞུའི་རེའུ་མིག་》སྐོང་འབྲི་ནན་ཏན་བྱ་དགོས་ཤིང་། རེའུ་མིག་ངོ་འདྲ་གསུམ་དགོས་པ་མ་ཟད། འོས་སྦྱོར་སྡེ་ཚན་གྱིས་གཞུང་ཐམ་ཡང་རྒྱག་དགོས་པ།
          གསུམ། སྙན་འབུལ་ཞུ་རྒྱུའི་རྣམ་གྲངས། རྩོམ་རིག་བརྩམས་ཆོས་ཀྱི་རིགས། རླུང་འཕྲིན་ཟློས་གར་གྱི་རིགས། གློག་བརྙན་དང་བརྙན་འཕྲིན་ཟློས་གར་(འགུལ་བརྙན)གྱི་རིགས། ཡིག་གཟུགས་དང་། རི་མོ། པར་ལེན་གྱི་རིགས། རོལ་དབྱངས་དང་། ཞབས་བྲོ། ཟློས་གར་བཅས་ཆེ་གྲས་རིགས་སོགས་ཡིན་དགོས་པ།
         བཞི། སྙན་འབུལ་ཞུ་རྒྱུའི་ཆ་རྐྱེན། སྙན་འབུལ་ཞུ་རྒྱུའི་བརྩམས་ཆོས་ཚང་མ་རང་ཉིད་ཀྱིས་གསར་རྩོམ་བྱས་པ་ཡིན་དགོས་པ་དང་། ནང་དོན་ཆ་ཚང་ཡིན་དགོས་ལ། བརྩམས་ཆོས་གཅིག་གྱུར་དུ་A4ཅན་གྱི་ཤོག་བུ་མདུན་རྒྱབ་གཉིས་ངོས་སུ་དཔར་ནས་དཔེ་དེབ་ཏུ་འཚེམ་སྒྲིག་བྱ་དགོས་ཤིང་། ནང་དོན་དངོས་གཞིའི་ཡི་གེ་སུང་ལུགས་ཡིག་གཟུགས་4པ་སྤྱོད་དགོས། རྒྱ་ཡིག་རིགས་ཀྱི་བརྩམས་ཆོས་ཆ་ཚང་བ་13དགོས་པ་དང་། བོད་ཡིག་རིགས་ཀྱི་བརྩམས་ཆོས་ཆ་ཚང་བ་5དགོས་པ་མ་ཟད། རྣམ་གྲངས་ཀྱི་ངོ་སྤྲོད་མདོར་བསྡུས་དང་རྣམ་གྲངས་སྒྲུབ་ཚུལ་(སྙན་ཞུའི་རེའུ་མིག་ཏུ་གསལ)སྐོང་འབྲི་ནན་ཏན་བྱ་དགོས།  སྙན་འབུལ་ཞུ་རྒྱུའི་དཔྱད་ཡིག་དངོས་བདེན་མིན་པ་དང་ཆ་མི་ཚང་བ་ཡིན་ན། བདག་སྤྲོད་མི་བྱེད།
         ལྔ། སྙན་འབུལ་ཞུ་རྒྱུའི་དཔྱད་ཡིག་དག་2017ལོའི་ཟླ་2ཚེས་25ཉིན་གྱི་གོང་ལ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་རྩལ་ཁྲུའུ་(རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཐོག་བརྩེགས་ཁང་བྱང་མའི་ཁང་མིག་406པ) རུ་འབུལ་སྐྱེལ་བྱ་དགོས། སྙན་འབུལ་ཞུ་རྒྱུའི་རེའུ་མིག་ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་( www.chinatibetnews.com)ནས་འབེབས་ལེན་བྱས་ཆོག
         འབྲེལ་གཏུགས་མི་སྣ། ཀུའོ་ཅིན། 0891—6331940
         ཆེད་དུ་བརྡ་ཐོ་བཏང་བ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།