འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་བཅུ་དྲུག་ཏུ་H7N9ཆམ་རིམས་འགོས་ནད་ཀྱི་ནད་རྟགས་སྙན་ཞུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཞིང་ཆེན་བཅུ་དྲུག་ཏུ་H7N9ཆམ་རིམས་འགོས་ནད་ཀྱི་ནད་རྟགས་སྙན་ཞུ་འབྱོར་བ།
           མི་དམངས་དྲ་བའི་འཕྲིན། སྤྱི་2ཚེས་15ཉིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ་དུ། ད་ལོ་ནས་བཟུང་། རང་རྒྱལ་གྱི་ཞིང་ཆེན་ཁྱོན་བསྡོམས་བཅུ་དྲུག་ཏུ་H7N9ཆམ་རིམས་འགོས་ནད་ཀྱི་ནད་རྟགས་ཡོད་པའི་སྙན་ཞུ་འབྱོར་ཡོད་པ་རེད། དེའི་ནང་། སྤྱི་ཟླ་དང་པོའི་སྙན་ཞུའི་ཁྲོད། ནད་རྟགས་ཡོད་མཁན་མི་192ཡོད་པ་དང་། ནད་པ་79འགོས་ནད་དེ་ཉིད་ཀྱི་དབང་གིས་གྲོངས་པ་རེད། ད་ལྟ། རང་རྒྱལ་དུ་H7N9ཆམ་རིམས་འགོས་ནད་ཀྱི་ནད་རྟགས་ཅན་ཇེ་མང་དུ་ཕྱིན་ཡོད་ཀྱང་། འགོས་ནད་ཁྱོན་ཡོངས་ཀྱི་ཁྱད་ཆོས་ལ་འགྱུར་བ་བྱུང་མེད་པས། སྔོན་འགོག་མྱུར་སྐྱོབ་ཀྱི་ལས་དོན་ཧུར་ཐག་ངང་སྤེལ་བཞིན་ཡོད་པ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་H7N9ཆམ་རིམས་འགོས་ནད་ཀྱི་ནད་རྟགས་ཅན་མང་དུ་འཕར་བ་དང་། ཁྱབ་ཡུལ་གྱི་ས་རྒྱ་ཆེ་བ། མཆེད་ཚད་ཀྱི་ཚད་རིམ་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན། ནད་རྟགས་མང་ཤོས་ཤིག་འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ས་ཁུལ་དུ་བྱུང་ཡོད་ཀྱང་། འགོས་ནད་ཁྱོན་ཡོངས་ཀྱི་ཁྱད་ཆོས་ལ་འགྱུར་བ་བྱུང་མེད་པ་རེད། ནད་དུག་འགོས་པའི་བྱ་རིགས་དང་བྱ་རིགས་གཉེར་སྐྱོང་ཚོང་ར་དང་འབྲེལ་འདྲིས་ཐུག་འཕྲད་བྱེད་པ་ནི་བྱ་ནད་འགོས་གཞིའི་ཉེན་ཁ་འབྱུང་རྐྱེན་གཙོ་བོ་ཡིན་པ་རེད། ད་ལྟའི་གནས་ཚུལ་ལ་གཞིགས་ན། H7N9བྱ་རིགས་ཆམ་རིམས་ཕོག་པའི་ནད་པ་ཤི་ཚད་ནི་40%ཡས་མས་ཡིན་པ་རེད། ད་ལྟ་ལག་ཟིན་བྱུང་བའི་དཔང་ཡིག་ལས་མངོན་པ་ལྟར་ན། ཆམ་རིམས་འདི་ནི་མི་དང་མིའི་བར་དུ་འགོས་མི་ཐུབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།