འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུའི་སྣོད་བཅུད་ལྗང་མདོག་འཕེལ་རྒྱས་ཕྱིན་པ་དེས་བོད་ཀྱི“ཆུ་དེ་བས་དྭངས་གཙང་དང་ཆུ་
    ངོགས་དེ་བས་སྔོ་ལྗང་དུ་འགྱུར་རྒྱུར”སྐུལ་ལྕག་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ས་མཐོའི་ཞོགས་པ་གྲང་ངར་ཧ་ཅང་ཆེ་ཞིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གཞུ་སྨད་ཤང་གི་ཆུ་དོན་ཆེད་བསྐོས་ལས་བྱེད་པ་ཟླ་གྲགས་ངོགས་གཉིས་སུ་འཁྱག་པ་ཐེབས་པའི་གཞུ་སྨད་ཆུ་བོའི་རྒྱུད་དུ་སྐོར་ཞིབ་བྱེད་པར་བསྐྱོད་ནས་ཆུ་བོའི་ཞེང་ཚད་དང་། ཆུ་རྒྱུག་ཚད། ངོགས་གཉིས་ཀྱི་ས་རྒྱུ་དང་སྔོ་ཁེབས་སོགས་ཀྱི་གནས་ཚུལ་དག་ཟིན་བྲིས་དེབ་ཐོག་བཀོད་བཞིན་ཡོད་པ་རེད།
          ཉིན་དགུང་གོང་དུ་ཁོང་གིས་གནས་ཚུལ་དེ་དག་དུས་ཐོག་ཏུ་རྫོང་ལ་སྙན་སེང་ཞུ་དགོས་ཤིང་། ད་ཆའི་ལྷ་ས་སྐྱིད་ཆུ་རྒྱུག་ཁུལ་དང་། ཆུ་བོ་ཚང་མ། མཚེའུ་ཚང་མ་བཅས་སུ་ཉིན་ལྟར་ཆུ་དོན་ཆེད་བསྐོས་ལས་བྱེད་པ་དང་དེ་བཞིན“ཆུ་དཔོན”དང་“མཚེའུ་དཔོན”ཡོད་པ་དང་། ཁོང་ཚོས་ས་ཁོངས་བགོས་པའི་ལས་འགན་སྒྲུབ་ཁུལ་ནང་སྐོར་ཞིབ་བྱས་ཏེ་ཆུ་བོ་དང་མཚེའུ་ཡི་ཉེ་འཁོར་གྱི་ཁོར་ཡུག་གཙང་སྦྲ་ནུས་ལྡན་བྱེད་ཀྱི་ཡོད་པ་རེད།
          བོད་ལྗོངས་ནི་རང་རྒྱལ་གྱི་གཙང་ཆུའི་ཆུ་འགོ་དང་སྣོད་བཅུད་འབྱུང་ཁུངས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུང་ཤན་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་རང་སྐྱོང་ལྗོངས་ཀྱིས་ཐེངས་དང་པོར་ས་ཁུལ་(གྲོང་ཁྱེར)ཁག་དང་《ཆེས་ནན་པའི་ཆུའི་ཐོན་ཁུངས་དོ་དམ་འགན་འཁྲིའི་ཡི་གེར་》མིང་རྟགས་བཀོད་ནས་ས་གནས་སྲིད་གཞུང་གི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་འབྲེལ་《བོད་རང་སྐྱོང་ལྗོངས་ཀྱི་ཆུ་སྤྱོད་བཅད་གྲངས་》བཟོས་ནས་ཆུ་སྤྱོད་བཅད་གྲངས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།
         ས་ཆུ་སྲུང་འཛིན་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་ཆེད་བོད་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ཡོད་པ་སྟེ། དཔེར་ན། དྲ་ཐོག་ཞིབ་མཆན་འགོད་པའི་ལྟ་སྐུལ་དོ་དམ་ལས་སྟེགས་སྐྲུན་པ་དང་། “གནམ་ས་གཞི་གཅིག་ཅན”གྱི་ལྟ་སྐུལ་དོ་དམ་མ་ལག་གི་མི་མེད་གནམ་གྲུའི་དམའ་མཐོངས་རྒྱང་ཚོར་ལྟ་དཔྱད་ཚད་ལེན་བྱེད་པ། ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་གྱི་མཉམ་འབྲེལ་ཞིབ་བཤེར་བྱེད་པ་སོགས་བྱས་ཏེ་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་ཆུ་སྲུང་འཛིན་ཇུས་གཞིར་ཞིབ་མཆན་འགོད་པ་དང་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པས་ས་ཆུ་སྲུང་འཛིན་གྱི་ཇུས་གཞིར་ཞིབ་མཆན་འགོད་པའི་གྲངས་འབོར་དུས་མཚུངས་ལས་ལྡབ་3.25འཕར་ཡོད་པ་རེད།
         ས་ཁམས་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་བོད་ཀྱི་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་སྟབས་ས་ཆུ་ཤོར་བ་དང་། རྩྭ་ར་ཉམས་ཞན་དུ་འགྲོ་བ། འདམ་རའི་རྒྱ་ཁྱོན་ཆུང་དུ་འགྲོ་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ་རེད། དེའི་ཕྱིར་བོད་ཀྱི་ཆུ་བེད་སྡེ་ཚན་གྱིས་གཙང་ཆུ་གལ་ཆེན་གྱི་ཆུ་འགོ་ཁུལ་དང་ཆུ་འགོ་ཁུལ་གལ་ཆེན་སོགས་ཀྱི་ས་ཆུ་ཤོར་རྒྱུ་འགོག་བཅོས་བྱེད་མགྱོགས་སུ་གཏོང་བ་དང་། སྣོད་བཅུད་དྭངས་གཙང་གི་རྒྱུག་ཁུལ་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རི་ལྡེབས་རྨོ་ཞིང་དང་ཆུ་ལོག་གི་གནོད་འཚེ་ཐོན་སླ་སའི་ས་ཆུ་ཤོར་རྒྱུ་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ས་ཆུ་ཤོར་བ་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་125མང་དུ་ཕྱིན་ཡོད་པ་རེད།
          དེ་དང་ཆབས་ཅིག་ཆུ་བེད་སྡེ་ཚན་གྱིས་ས་ཆུ་སྲུང་འཛིན་གྱི་ཁ་གསབ་གྲོན་དངུལ་བསྡུ་ལེན་ལ་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་2016ལོར་ས་ཆུ་སྲུང་འཛིན་གྱི་ཁ་གསབ་གྲོན་དངུལ་སྒོར་ཁྲི་4818བསྡུས་པ་དེ་དུས་མཚུངས་ལས་189%འཕར་ཡོད་པ་རེད། ད་དུང་ན་ནིང་བོད་ཀྱིས་ཆུ་གློག་གློག་གཏོང་ཁེ་ལས་ནས་ཆུའི་ཐོན་ཁུངས་གྲོན་དངུལ་ཐེངས་དང་པོ་བསྡུས་པ་དང་། ས་ཆུ་སྲུང་འཛིན་གྱི་གྲོན་དངུལ་ལོ་རེར་བསྡུས་ཚད་ལོ་གོང་མ་5ཡི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
          “ས་མཐོའི་ཆུ་དེ་བས་དྭངས་གཙང་དང་། ཆུ་ངོགས་དེ་བས་སྔོ་ལྗང་དུ་འགྱུར་བ། མཛེས་ལྗོངས་དེ་བས་ལྟ་ན་སྡུག་པ”བཅས་ཡོང་ཆེད་སྟོབས་ཤུགས་དེ་བས་མང་བ་སྐུལ་སློང་བྱས་ནས་བོད་ཀྱི་ཆུའི་སྣོད་བཅུད་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུའི་ནང་ཞུགས་ཤིང་། ན་ནིང་བོད་ཀྱིས་སྐབས་དང་པོའི་ས་ཆུ་སྲུང་འཛིན་དང་སྣོད་བཅུད་ཤེས་དཔལ་གྱི་རིམ་མཐོའི་གླེང་སྟེགས་གཉེར་བ་དང་འབྲེལ་འབྲི་ཆུ་ཚན་རིག་ཁང་དང་མཉམ་དུ་ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་ཆུ་འགོ་ཁུལ་དུ་ཕྱོགས་བསྡུས་རྟོག་ཞིབ་བྱས་པ་དང་། གཙང་ཆུའི་ཆུ་འགོ་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་ཧུར་ཐག་བྱས་པས་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་སྤེལ་མགྱོགས་སུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།