འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་འདིའི་ནང་མི་འབོར་དབུལ་པོ་ཚང་མར་དུད་ཚང་ལ་དོན་འཁྱོལ་ཐུབ་པའི་
    ཐོན་ལས་རོགས་སྐྱོར་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2017ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐོན་ལས་རོགས་སྐྱོར་གྱི་ཆེད་དོན་རྣམ་གྲངས་ཀྱི་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་དུད་ཚང་ལ་དོན་འཁྱོལ་ཐུབ་པའི་ཐོན་ལས་དབུལ་སྐྱོར་ངལ་རྩོལ་ནུས་ཤུགས་ཡིན་པའི་མི་འབོར་དབུལ་པོ་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ་རེད།
            མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མ་ཧྥུང་ཧྲེང་གིས“རོགས་སྐྱོར་ཚད་གཞི་གཞིར་བཟུང་། འདི་ལོ་མི་ཁྲི་24ལ་དུད་ཚང་དུ་དོན་འཁྱོལ་ཐུབ་པའི་ཐོན་ལས་རོགས་སྐྱོར་རྣམ་གྲངས་ལག་བསྟར་བྱ་རྩིས་ཡོད་པའི་ཁར་ན་ནིང་བཀོད་སྒྲིག་ཟིན་པའི་རྣམ་གྲངས་བསྣན་ན་དུད་ཚང་དུ་དོན་འཁྱོལ་ཐུབ་པའི་ཐོན་ལས་རོགས་སྐྱོར་ཞིང་ཆེན་དེ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཡིན་པའི་མི་འབོར་དབུལ་པོ་ཁྲི་40.2ལ་ཁྱབ་རྒྱུ་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།