འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་རིང་ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          དཔྱིད་གསར་དུས་ཆེན་རིང་པེ་ཅིང་གྲོང་ཁྱེར་གྱིས་སྲིད་གཞུང་གིས་རིག་གནས་ཞབས་ཞུ་ཉོ་སྒྲུབ་དང་། དྲ་སྦྲེལ+རིག་གནས་ཁྱབ་གདལ་གཏོང་བའི་བྱེད་སྟངས་སྤྱད་དེ་རྒྱལ་སའི་གྲོང་མིར་དཔྱིད་གསར་དུས་ཆེན་རིང་གི་ཚོགས་མཆོད་སྤ་སེ་ཁྲི་30སྤྲད་ཡོད། པེ་ཅིང་གྲོང་ཁྱེར་རིག་གནས་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་པེ་ཅིང་གྲོང་ཁྱེར་གྱིས་རིག་གནས་ཚོགས་མཆོད་དང་། གླིང་གར་སྤྲོ་གསེང་གཏོང་བའི་བྱེད་སྒོ། རིག་རྩལ་འཁྲབ་སྟོན། སྤྱི་ཕན་འཆད་ཁྲིད། འགྲེམས་སྟོན། ཡིག་གཟུགས་འགྲན་བསྡུར། གློག་བརྙན་སྟོན་པ། གངས་འཁྱག་རོལ་རྩེད། དམངས་ཁྲོད་མེ་ཏོག་འགྲེམས་སྟོན་སོགས་རིག་གནས་བྱེད་སྒོ་སྣ་ཚོགས་ཐེངས་4444སྤེལ་བར་མི་ཐེངས་ཁྲི་749ཞུགས་ཡོད་པ་རེད།
          དང་པོའི་བཅོ་ལྔའི་དུས་ཆེན་རིང་ཧོ་པེ་ཁྲེང་ཏེ་ཡིས་ལྒང་བཞུ་འགེལ་བ་དང་། ལྒང་བཞུའི་གབ་ལན་འཚོལ་བ། འབྲུག་བྲོ་འཁྲབ་པ། དབྱང་ཀོ་ཞབས་བྲོ་འཁྲབ་པ། གྲུ་གར་འཁྲབ་པ་བཅས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བ་དང་། སྲོལ་རྒྱུན་དམངས་སྲོལ་འཁྲབ་སྟོན་20ལྷག་ཙམ་དང་ཐང་ཆེན་ཞབས་བྲོ། དེང་རབས་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་མཉམ་དུ་འཁྲབ་སྟོན་བྱས་པ་དང་། མེ་ཏོག་འགྲེམས་སྟོན་ལྟད་མོ་ཆེ་བ་མ་ཟད། ཤིང་རྐང་རིང་པོའི་སྟེང་དུ་ལངས་པ་དང་། གྲུ་གར་འཁྲབ་པ། འབྲུག་བྲོ་འཁྲབ་པ། སེང་རྩེད་རྩེ་བ་སོགས་དམངས་ཁྲོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཁྲབ་སྟོན་རུ་ཁག་བཅུ་གྲངས་ཁ་ཤས་རྫོང་གྲོང་དུ་འཛོམས་ཏེ། ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
          ཧོ་ནན་པའོ་ཧྥུང་མ་ཅེའི་དམངས་ཁྲོད་ཀྱི་གཞས་གཏམ་སྒྱུ་རྩལ་སྟོན་ཚོགས་ཚེས་9ཉིན་འཚོགས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གཞས་གཏམ་སྒྱུ་རྩལ་པ་སྟོང་ཕྲག་ཁ་ཤས་མ་ཅེའི་གྲོང་ཚོར་འཛོམས་པ་དང་། དམངས་ཁྲོད་སྒྲུང་པས་གྲོ་ཞིང་ནང་གར་སྟེགས་བཟོས་ཏེ་རོལ་ཆ་དཀྲོལ་བ་དང་རྔ་རྡུང་བའི་སྒྲའི་རྒྱུན་ཆད་རྒྱུ་མེད་ལ། ཧོ་ནན་གྱི་ཀྲུའེ་ཙི་གཞས་མ་གཏམ་དང་། ཤུས་ཀྲོའུ་ཡི་ཆིན་ཧྲུའུ་གཏམ་གླུ་སྤེལ་མ། ཧྲན་ཏུང་གི་སྨྱུག་རོལ་མགྱོགས་གཏམ་སོགས་སྣ་ཁ་40ལྷག་ཙམ་འཁྲབ་སྟོན་བྱས་ནས། ཧོ་ནན་ཞིང་ཆེན་ཕྱི་ནང་གི་སྒྱུ་རྩལ་པ་དང་ལྟད་མོ་བ་ཁྲི་30ལྷག་ཙམ་དེ་གར་ལྟད་མོ་ལྟ་བར་ཡིད་དབང་བཀུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།