འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བལ་ཡུལ་སློབ་གསོ་པུའུ་ཡི་དཔོན་པོ་ཚོས་རྒྱ་ཡིག་གསོ་སྦྱོང་དང་ལེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་15ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་13ཉིན། བལ་ཡུལ་གྱི་སློབ་གསོ་པུའུ་ཡི་རྒྱ་ཡིག་དམའ་རིམ་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས་ཤིང་། སློབ་གསོ་པུའུ་ཡི་དཔོན་པོ་20ལྷག་ལས་ཀ་གྲོལ་རྗེས་ཀ་ཏ་མན་རྡུ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དུ་ཐུན་མོང་སློབ་ཚན་ཚུགས་ནས་རྒྱ་ཡིག་སློབ་སྦྱོང་བྱེད་པར་སྐྱོད་ཀྱི་ཡོད་པ་དང་། གསོ་སྦྱོང་འཛིན་གྲྭའི་སློབ་སྦྱོང་དུས་ཡུན་ཁྱོན་བསྡོམས་ཆུ་ཚོད་80རེད། ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་ལས་གཞན་ཁུང་ཙེ་སློབ་གླིང་གིས་ད་དུང་བལ་ཡུལ་གྱི་ཕྱི་འབྲེལ་པུའུ་དང་། རིག་གནས་དང་། ཡུལ་སྐོར། དམངས་སྤྱོད་མཁའ་འགྲུལ་པུའུ་བཅས་དང་དེ་བཞིན་བལ་ཡུལ་དམག་དཔུང་སྤྱི་ཁྱབ་པུའུ་ཡི་སྡེ་ཁག་3ལའང་ཆེད་དུ་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། 
         ཉེ་སྔོན་བལ་ཡུལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོང་རི་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་ཐོག ཀྲུང་བལ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་བལ་ཡུལ་གྱི་གྲོགས་པོ་མང་པོས་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་བྱེད་འདོད་བྱེད་ཀྱི་ཡོད་པ་རེད།  བལ་ཡུལ་སློབ་གསོ་པུའུ་ཡི་དཔོན་པོ་ཚོས་རྒྱ་ཡིག་སློབ་སྦྱོང་བྱས་རྗེས། ཀྲུངབལ་བར་གྱི་སློབ་གསོ་སྤེལ་རེས་དང་མཉམ་ལས་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀ་ཏ་མན་རྡུ་སློབ་ཆེན་གྱི་ཁུང་ཙེ་སློབ་གླིང་ནི་1997ལོའི་ཟླ་6པར་དབུ་བརྙེས་ཤིང་། ད་བར་བལ་ཡུལ་གྱི་སློབ་མ་ཁྲི་2ལྷག་གསོ་སྦྱོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།