འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཐན་ཨིན་མའེ་ཨར་འཇར་མན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སི་ཐན་ཨིན་མའེ་ཨར།
    སི་ཐན་ཨིན་མའེ་ཨར།
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་12ཉིན། འཇར་མན་གྱི་ཙུང་ཐུང་འདེམས་བསྐོ་བྱས་ཤིང་། འཇར་མན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཟུར་པ་སི་ཐན་ཨིན་མའེ་ཨར་(Frank-Walter Steinmeier)འཇར་མན་རྒྱལ་ཁབ་ཀྱི་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ་རེད།
           རྒྱལ་ཕྲན་མཉམ་འབྲེལ་ཚོགས་ཆེན་གྱི་འདེམས་ཤོག་1239ཡི་ཁྲོད་ནས། སི་ཐན་ཨིན་མའེ་ཨར་ལ་འདེམས་ཤོག་931ཐོབ་རྐྱེན། འདེམས་ཞུགས་མི་སྣ་གཞན་དག་ལས་བརྒལ་ཏེ་རིམ་པ་དང་པོའི་ནང་ཙུང་ཐུང་གསར་པར་བདམས་ཐོན་བྱུང་བ་རེད།
           སི་ཐན་ཨིན་མའེ་ཨར་ནི་ད་ལྟ་དགུང་ལོ་61ཡིན་ལ། 2005ལོ་ནས་2009ལོའི་བར་དང་2013ལོ་ནས་2017ལོའི་བར་གྱི་རེ་སྐོར་གཉིས་རིང་འཇར་མན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་འགན་བཞེས་མྱོང་ཡོད་པ་མ་ཟད། 2007ལོ་ནས་2009ལོའི་བར་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པའི་འགན་ཡང་བཞེས་མྱོང་བ་རེད།
          ཐེངས་འདིའི་ཙུང་ཐུང་འདེམས་བསྐོའི་ནང་སི་ཐན་ཨིན་མའེ་ཨར་ཙུང་ཐུང་དུ་བདམས་ཐོན་བྱུང་བ་ནི་ཚང་མའི་བློ་ཡུལ་དུ་ཡོད་པ་ཞིག་ཡིན་པ་སྟེ། འཇར་མན་རྒྱལ་ཁབ་ཀྱི་ཏང་ཁག་ཆེ་གྲས་གཙོ་བོ་དག་གིས་ཁོང་ཉིད་ཙུང་ཐུང་གསར་པར་བདམས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བསྟན་པ་རེད། སི་ཐན་ཨིན་མའེ་ཨར་གྱིས་ཟླ་3ཚེས་19ཉིན་དངོས་སུ་ཙུང་ཐུང་གི་ལས་གནས་འགན་བཞེས་གནང་རྒྱུ་ཡིན་པ་རེད།
           འཇར་མན་རྒྱལ་ཁབ་ཀྱི་ཙུང་ཐུང་འདེམས་བསྐོ་ནི་ལོ་5རེ་ནང་ཐེངས་རེ་བྱེད་བཞིན་ཡོད་ཅིང་། རྒྱལ་ཕྲན་མཉམ་འབྲེལ་གྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་དང་འཇར་མན་གྱི་རྒྱལ་ཕྲན་མཉམ་འབྲེལ་མངའ་སྡེ་16གི་འཐུས་མི་ལས་གྲུབ་པའི་རྒྱལ་ཕྲན་མཉམ་འབྲེལ་ཚོགས་ཆེན་གྱིས་འདེམས་ཤོག་འཕངས་ཏེ་རྒྱལ་ཁབ་ཀྱི་གཙོ་འཛིན་འདེམས་པ་ཞིག་རེད།
    གཏམ་བཤད་གནང་བ།
    གཏམ་བཤད་གནང་བ།
    ཙུང་ཐུང་གསར་པར་བདམས་པར་རྟེན་འབྲེལ་ཞུ་བ།
    ཙུང་ཐུང་གསར་པར་བདམས་པར་རྟེན་འབྲེལ་ཞུ་བ།
    ཙུང་ཐུང་གསར་པར་བདམས་པར་རྟེན་འབྲེལ་ཞུ་བ།
    ཙུང་ཐུང་གསར་པར་བདམས་པར་རྟེན་འབྲེལ་ཞུ་བ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།