འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བསྟན་ཁོས་ཏང་ཕྱིའི་རྒྱལ་གཅེས་མི་སྣའི་འཐུས་མིར་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་ལ་འཚམས་འདྲི་གནང་བ།
          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ལུགས་ལོ་གསར་འཆར་ལ་ཉེ་བའི་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛའ་བརྩེའི་ཐུགས་ཁུར་གྱི་བསམ་པ་བཅངས་ཏེ་ལྷ་ས་གྲོང་ཁྱེར་དུ་ཏང་ཕྱིའི་རྒྱལ་གཅེས་མི་སྣ་བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ང་ཕོད་ངག་དབང་འཇིགས་ཡོན། རྡོ་གྲགས་འཇམ་དཔལ་བློ་བཟང་བཅས་ལ་འཚམས་འདྲི་གནང་སྟེ་ཁོང་ཚོའི་འཚོ་བ་དང་སྐུ་གཟུགས་བདེ་ཐང་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
           བསྟན་ཁོས་ཏང་ཕྱིའི་རྒྱལ་གཅེས་མི་སྣའི་ཁྱིམ་དུ་ཁོ་ཚོར་ཁ་བཏགས་སྒྲོན་ནས་སྨོན་འདུག་བཟང་པོ་ཞུས་པ་རེད། བསྟན་ཁོས་བརྗོད་དོན། ལོ་མང་པོའི་རིང་ལ། ཏང་ཕྱིའི་རྒྱལ་གཅེས་མི་སྣ་ཚོས་སྔ་གཞུག་ཀུན་ཏུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་རྒྱུན་འཁྱོངས་བྱས་ནས་ཏང་དང་སྲིད་གཞུང་བར་དང་ཡིད་སེམས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་པོར་བྱས་ཏེ་བོད་ལྗོངས་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་དོན་དུ་ཕྱག་རྗེས་གལ་ཆེན་འཇོག་གནང་ཡོད། བསྟན་ཁོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་རེད།
           བསྟན་ཁོས་ཏང་ཕྱིའི་རྒྱལ་གཅེས་མི་སྣ་ཚོར་སྐུ་གཟུགས་ལ་ཐུགས་ཅག་གནང་ནས་སྔར་བཞིན་མུ་མཐུད་དུ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རེ་དང་། ཐོག་མའི་ཐུགས་འདུན་མ་བསྙེལ་བར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས་པའི་རེ་བ་བཏོན་པ་རེད།
          ཏང་ཕྱིའི་རྒྱལ་གཅེས་མི་སྣ་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་མགྲིན་གཅིག་ཏུ་བཀའ་དྲིན་ཆེ་ཞེས་ཞུས་པ་དང་། འབྱུང་འགྱུར་གྱི་ལོ་གསར་པར་རང་ཉིད་ཀྱི་ཤེས་ནུས་གང་ཡོད་བཏོན་ཏེ་བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གོང་སྤེལ་དང་། ཆོས་ལུགས་ཞི་མཐུན་ལ་སྐུལ་སྤེལ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོར། དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་སོགས་ཀྱི་ལས་དོན་ཁག་ལ་ལག་རྗེས་སྔར་ལས་ལྷག་པ་འཇོག་ངེས་ཡིན་ཞེས་བསྟན་པ་རེད།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཤིང་རྩ་བསྟན་འཛིན་ཆོས་གྲགས་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་ངག་དབང་འཇིགས་ཡོན་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་ངག་དབང་འཇིགས་ཡོན་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་རྡོ་གྲགས་འཇམ་
དཔལ་བློ་བཟང་ལ་འཚམས་འདྲི་གནང་བ།
    ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་རྡོ་གྲགས་འཇམ་
    དཔལ་བློ་བཟང་ལ་འཚམས་འདྲི་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།