འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆེན་སློབ་མ་བོད་ལྗོངས་ཀྱི་གསར་གཏོད་དང་འཕེལ་རྒྱས་ཀྱི"སྟོབས་གསར་དམག"ལ་གྱུར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་ཡིག་འབྲི་བྱེད་ལྕགས་སྨྱུག་བཟོ་ལྟ་གསར་པ་ཞིག་ཉེ་ཆར་ལྷ་སའི་ཁྲོམ་རར་བཏོན་ནས་བྲིན་ཁ་རྒྱུགས་པོ་ཡོད། “ཤེས་རབ་ཀྱི་རལ་གྲི”རྟགས་ཅན་གྱི་བོད་ཡིག་འབྲི་བྱེད་ལྕགས་སྨྱུག་ནི་ཀྲེ་ཅང་སློབ་ཆེན་ནས་ཐོན་ཏེ་གཞུང་ལས་དོར་བའི་ལས་གཏོད་བྱེད་མཁན་ཐུབ་བསྟན་ཤེས་རབ་ཀྱི་ལས་གཏོད་ལམ་བུ་ཡངས་པོའི་ཚོད་ལྟའི་ཐོན་རྫས་ཡག་ཤོས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ཐད་ཀྱི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་ནས་སློབ་མ་དང་། ཁྱིམ་བདག སྤྱི་ཚོགས་བཅས་ལ་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ལས་ཞུགས་ཀྱི་ལྟ་ཚུལ་གཞན་སྒྱུར་ཧུར་ཐག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལས་གཏོད་ཀྱི་ཐེབས་རྩ་བཙུགས་ནས་སློབ་ཆེན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་བཏོན་པ་དང་། ཐོ་འགོད་དང་། ཁྲལ་འབབ། མ་དངུལ། སྒྲིག་ཆས། སྒྲུབ་ཡུལ་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཁར་བྱེད་ཐབས་མཉམ་སྤྱོད་ཀྱིས་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་མ་བཏང་ནས་དམངས་ཀྱིས་བྱ་གཞག་སྐྲུན་པའི་ཧུར་བརྩོན་ཆེ་རུ་བཏང་ཞིང་། ལྷག་དོན་དུ་སློབ་ཆེན་སློབ་མའི་ཚོགས་སྤྱིའི་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་ནས་གསར་གཏོད་ལས་གཏོད་ཀྱི་ཚ་རླབས་གསར་པ་འཕྱུར་ཡོད། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཐད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་བྱེད་ཅིང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱེད་པ་དང་། ལས་ཞུགས་ལས་གནས་མཁོ་འདོན་གང་ལེགས་བྱེད་པ་དང་ཆབས་ཅིག་ལས་ཞུགས་ལས་གཏོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་གསར་པ་ཞིབ་འཇུག་བྱས་ནས་བཟོ་བ་དང་། ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་རྒྱབ་སྐྱོར་ཐེབས་རྩ་བཙུགས་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་མ་གཏོང་དགོས་ཞེས་བསྟན་པ་རེད།
           ན་ནིང་གི་ལོ་མཇུག་ཏུ་རང་སྐྱོང་ལྗོངས་སྲིད་གཞུང་གིས་《བོད་རང་སྐྱོང་ལྗོངས་ཀྱིས་མཐོ་རིམ་སློབ་གྲྭ་དཀྱུས་མའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི་(ཚོད་ལྟའི་ལག་བསྟར་)》པར་འགྲེམས་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་དགོས་མཁོ་ཉིད་ཕྱོགས་སྟོན་དུ་བྱེད་པའི་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་དང་ལས་གཏོད་ལས་ཞུགས་ཉིད་ཕྱོགས་སྟོན་དུ་བྱེད་པའི་ཤེས་ལྡན་པ་གསོ་སྐྱོང་གི་གྲུབ་ཆ་ལེགས་སྒྲིག་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས་བཟོ་རྒྱུ་གཏན་འཁེལ་བྱས་ཡོད། མི་རིང་བའི་གོང་བཏོན་པའི་《ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་ཀྱི་རྟེན་གཞིའི་གྲོང་ཁྱེར་དཔེ་སྟོན་ལས་དོན་གྱི་ཇུས་གཞིའི་》ནང་2016ལོ་ནས་2018ལོའི་བར་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཆུང་བ་དང་ཆེས་ཆུང་གྲས་ཀྱིས་གཟིགས་སྐྱོང་རྒྱབ་སྐྱོར་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་ཆོག་པ་གསལ་པོ་བསྟན་ཡོད་པ་རེད།
           རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། ཁྲོམ་རའི་ཁོར་ཡུག་རྒྱུན་མི་ཆད་པར་ལེགས་སུ་སོང་བ། ལས་ཞུགས་ལྟ་ཚུལ་ལ་རྒྱུན་མི་ཆད་པར་འགྱུར་ལྡོག་བྱུང་བ་བཅས་དང་བསྟུན་རང་ལྗོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་མི་གྲངས་རྒྱུན་མི་ཆད་པར་ཇེ་མང་དང་བྱང་ཚད་རྒྱུན་མི་ཆད་པར་ཇེ་མཐོར་ཕྱིན་ནས་མི་རིགས་ཀྱི་རྒྱན་གོས་དང་། གློག་རྡུལ་ཚོང་དོན། རིག་གནས་ལུས་རྩལ་སོགས་ཁྱབ་ཁོངས་མང་པོར་ལས་གཏོད་ཀྱི“སྟོབས་གསར་དམག”ཁག་གཅིག་ཐོན་ཡོད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།