འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་རེབ་གོང་རྫོང་དུ་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་རེབ་གོང་རྫོང་དུ་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་ཏེ་ལུགས་རྙིང་བྱ་ལོ་ཟླ་བ་དང་པོའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དུ་ལོ་རེར་ཐེངས་རེའི་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ་རེད། ཉིན་དེའི་ཞོགས་པ་སྔ་མོ་ནས་མི་རྣམས་ཀྱིས་གཟབ་འཆོར་སྤྲས་ཏེ་གོས་སྐུ་གཤོམ་ཡུལ་དུ་འགྲོ་དྲུག་སེམས་ཅན་བདེ་ཞིང་དར་རྒྱས་ཕུན་སུམ་ཚོགས་པར་ཡོང་བའི་གསོལ་བ་སྨོན་ལམ་འདེབས་པར་ཕྱིན་པ་རེད། རེབ་གོང་རྫོང་ནི་མཚོ་སྔོན་ཞིང་ཆེན་ཤར་ལྷོ་རྒྱུད་དུ་གནས་ཤིང་། "རེབ་གོང་སྒྱུ་རྩལ"གྱི་འབྱུང་ཁུངས་ཡིན་པས། ཐང་ག་དང་། འཚེམ་དྲུབ། རྐོ་བཟོ་བཅས་ཀྱིས་གཙོ་བོར་བྱེད་པའི"རེབ་གོང་སྒྱུ་རྩལ"གྱི་བཀྲག་མདངས་འཚེར་ཞིང་མིག་དབང་འཕྲོག་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་རེབ་གོང་རྫོང་དུ་གོས་སྐུ་གཤོམ་པའི་མཛད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།