འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་རིགས་ས་ཁུལ་སོགས་ཀྱི"དབུལ་སྒྲོལ་གྲོང་ཚོར"བསྐྱོད་པའི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོར་རྒྱལ་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་པའི་ནང་སི་ཁྲོན་གྱི་མི་གྲངས་ཁྲི་107དབུལ་སྒྲོལ་ཐུབ་ཡོད་པ་རེད། ལུགས་རྙིང་ལོའི་ལོ་གསར་སྐབས། གསར་འགོད་པ་ཁྲོན་ཧྲའན་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། ལུའུ་ཧྲན་ས་ཡོམ་གེགས་ཁུལ། སི་ཁྲོན་བོད་རིགས་ས་ཁུལ་གྱི“དབུལ་སྒྲོལ་གྲོང་ཚོ”ཁག་གཅིག་ཏུ་བསྐྱོད་ནས་དེ་སྔ་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་ལོ་གསར་ཇི་ལྟར་གཏོང་མིན་བལྟ་བ་དང་ཁོང་ཚོའི“དབུལ་ཞྭ་ཕུད་པའི”གནས་ཚུལ་དང་ལོ་གསར་གྱི་རེ་འདུན་གང་ཡོད་མིན་ཉན་པར་བསྐྱོད།
          “དབུལ་ཞྭ་ཕུད”ནས་གྲོང་རྡལ་སྲིད་གཞུང་གི་སྒོ་རའི་ནང་སྒོར་གཞས་འཁྲབ།
          སྒྲོལ་དཀར་གྱི་ཁྱིམ་དུ་སྐྱོད་སྐབས་ནང་མི་ཚང་མ་མཉམ་དུ་འཛོམས་ནས་ཚགས་ཤ་སྐམ་པོ་དང་སི་ཁྲོན་གྱི་ཁྱད་ལྡན་རྒྱུ་སྐམ་སོགས་ཟ་བཞིན་འདུག
         སྒྲོལ་དཀར་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཞིང་ཀྱོག་ལུང་གྲོང་ཚོའི་གྲོང་མི་ཡིན་ཞིང་། གྲོང་ཚོ་འདི་ནི་བོད་རིགས་གཅིག་པུ་ལས་མེད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། ན་ནིང་རྫོང་ལ་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་པས་གཞི་ནས་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་རེད།
         དེ་སྔ་ཉག་ཆུ་རྫོང་དུ་འཚོང་བའི་བྱ་ཤ་མང་ཆེ་བ་ཡུལ་གཞན་གྱི་བྱ་དེ་ཡིན་པ་དང་ལོ་གཅིག་ལ་ཁྲི་2ལྷག་ཙམ་བྲིན་གྱི་ཡོད། ཞིང་ཀྱོག་ལུང་གྲོང་ཚོའི་ས་བབ་ཅུང་དམའ་བ་དང་ནགས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས་པས་རྫོང་ཡོངས་ཀྱི་བོད་བྱ་གསོ་ཚགས་བྱ་རྒྱུར་འཚམ་པའི་ས་ཆ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་རེད།
         ན་ནིང་སྲིད་གཞུང་གི་ཁྲིད་སྟོན་འོག་གྲོང་ཚོའི་ནང་ལོ་ལེགས་འདེབས་གསོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་སྒྲོལ་དཀར་སོགས་དུད་ཚང་དབུལ་པོས་ཆ་སྙོམས་སྒོར་500བཏང་ནས་མ་འཇོག་བྱས་པས་མ་རྐང་རེར་སྒོར་1500ཡི་ཁ་གསབ་ཐོབ་ཡོད།
         “ཚང་མས་བྱ་དེ་གསོ་མྱོང་མེད་པར་བརྟེན་དང་ཐོག་ཡོང་འབབ་གསོག་ཐུབ་མིན་ཐད་ཐེ་ཚོམ་སྐྱེས་ཀྱི་འདུག བསམ་ཡུལ་ལས་འདས་པར་ཐེངས་དང་པོར་བཤས་པའི་བྱ་དེ་2000ལྷག་ཙམ་ཚང་མ་བྲིན་ནས་ང་ཚོ་ནང་མི་བཞིར་བསྡོམས་སྒོར་4000བྱུང”ཞེས་སྒྲོལ་དཀར་གྱིས་བཤད།
         གྲོང་ཚོའི་ནང་སྒོར་གཞས་རུ་ཁག་དང་པི་ཝང་རུ་ཁག་གི་འཁྲབ་སྟོན་སྒྲིག་འཛུགས་བྱས་ཡོད། སྒྲོལ་དཀར་གྱི་བུ་ཆུང་བ་བསོད་ནམས་ཉི་མ་ནི་གྲོང་ཚོའི་ནང་སྒོར་གཞས་འཁྲབ་མཁས་ཤོས་ཤིག་ཡིན། “ང་ཚོའི་ཁྱིམ་ཚང་གི་དབུལ་ཞྭ་ཕུད་ཐུབ་སོང་། དེ་རིང་ངས་གྲོང་རྡལ་སྲིད་གཞུང་གི་སྒོ་རའི་ནང་སྒོར་གཞས་འཁྲབ་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བསོད་ནམས་ཉི་མས་བཤད།
         “དབུལ་སྒྲོལ་སྒོ་ངས”འཚོ་བར་རེ་བ་སྦྱིན།
          དབུལ་སྒྲོལ་ཐུབ་པའི་ཝུའེ་ལིན་གྱིས་ནམ་ལངས་མ་ཐག་ཁྱིམ་དུ་གསོ་ཚགས་བྱས་པའི་བྱ་མོ་200ལ་ལྟོ་སྟེར་བར་ཕྱིན།
         ཝུའེ་ལིན་གྱི་ཁྱིམ་ལུའུ་ཧྲན་ས་ཡོམ་རྒྱག་སའི་འབྲུག་སྒོ་ཤང་གི་སྐར་དམར་གྲོང་ཚོར་གནས་ཡོད། ས་ཡོམ་བརྒྱབ་རྗེས་གྲོང་ཚོའི་ནང་གནོད་འཚེས་རྐྱེན་པས་དབུལ་པོར་གྱུར་བ་དང་གནོད་འཚེས་རྐྱེན་པས་དབུལ་པོར་བསྐྱར་ལོག་གི་སྣང་ཚུལ་མང་པོ་ཐོན་ཡོད། 2013ལོར་གཱ་དང་ཡིག་ཚགས་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་212དང་མི་གྲངས་546ཟིན་ཡོད། 2016ལོར་གེགས་རྗེས་བསྐྱར་སྐྲུན་སྤྱིའི་ཆ་ནས་ལེགས་སྒྲུབ་ཟིན་པས་སྐར་དམར་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་ཡོད།
          ན་ནིང་ཝུའེ་ལིན་གྱིས་དངུལ་གཡར་ནས་སྨི་ངོས་གྲུ་400ལྷག་ཙམ་གྱི་བྱ་ཚང་ཞིག་བརྒྱབ། སྒོ་ང་ཁོ་ན་བཙོངས་པ་ལས་ཁོ་པར་ཡོང་འབབ་སྒོར་ཁྲི་1.5བྱུང་བའི་ཐོག་རྨོ་བསྐྱུར་ནགས་གསོ་དང་། འབྲུ་རིགས་ཁ་གསབ། དབང་པོ་སྐྱོན་ཅན་གྱི་བདག་སྐྱོང་ཁ་གསབ་སོགས་བསྣན་ཚེ་ལོ་ཧྲིལ་པོར་སྒོར་ཁྲི་2ལྷག་ཙམ་གྱི་ཡོང་འབབ་ཡོད་པས་འཁྱུག་ཙམ་ཞིག་ལ་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
           “དོ་ནུབ་ངས‘དབུལ་སྒྲོལ་སྒོ་ང’འཁྱེར་ཏེ་གྲོགས་པོའི་ནང་ལ་ཁ་ལག་ཟ་བར་འགྲོ་མཁན་ཡིན། འདི་ལོ་ད་དུང་གཞི་ཁྱོན་ཆེ་རུ་བཏང་ནས་བྱ་དེ་1500ནས་2000བར་གསོས་ཏེ་སང་ལོ་བུ་ལོན་རྣམས་སྤྲོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཝུའེ་ལིན་གྱིས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།