འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དང་པོའི་བཅོ་ལྔའི་དུས་ཆེན་གྱི་དཔལ་ལ་རོལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བྱ་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་འཆར་བའི་སྐབས་དེར། ནང་སོག་རང་སྐྱོང་ལྗོངས་ཨེར་ཏོ་སི་གྲོང་ཁྱེར་ཏུང་ཧྲེང་ཆུས་ཀྱི་ཁྲོམ་གཞུང་དང་། ཐང་ཆེན། སྤྱི་གླིང་བཅས་སུ་བསྐྱོད་སྐབས་གང་སར་བཀལ་བའི་ཆེ་ཆུང་སྣ་ཚོགས་དང་བཟོ་ལྟ་འདྲ་མིན་གྱི་ལྒང་བཞུ་ལས་དུས་ཆེན་ལ་སྤྲོ་སྣང་གི་རྣམ་པ་ཞིག་སྦྱིན། རྒྱ་ཆེའི་གྲོང་མི་ཁྱིམ་ནས་ཐོན་ཏེ་གངས་ལ་ལྟ་བ་དང་། གབ་ལན་རྒྱག་པ། ལྒང་བཞུར་ལྟ་བ། ཞིམ་མངར་རོ་བཅུད་མྱོང་བ་བཅས་དགོད་སྒྲའི་རྣམ་པའི་ཁྲོད་དུས་ཆེན་གཏོང་བཞིན་མཆིས།
         ཏུང་ཁྲོན་གྲོང་རྡལ་ཐེར་མན་ལེང་གྲོང་ཚོར་བསྐྱོད་སྐབས། དེ་གར་འཁྲབ་སྟོན་རུ་ཁག་གིས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་བཞིན་འདུག་ལ། སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་འཁྲབ་སྟོན་གྱིས་གྲོང་མི་ཚོའི་ཡིད་དབང་རྦད་དེ་བཀུག དཔེ་མཛོད་ཁང་གི་བརྒྱུད་ལམ་སྣེ་མང་ཁང་དུ་གྲོང་མི་མི་ཉུང་བ་ཞིག་གློག་བརྙན་ཐུང་ངུ་《བྱ་བ་ཆུང་ཙག་》ཅེས་པ་ལྟ་བཞིན་འདུག བློ་ལ་ཐད་པའི་གློག་བརྙན་གྱི་ནང་དོན་གྱིས་རྒྱ་ཆེའི་གྲོང་མི་ཚོར་དུས་ཆེན་ལ་དམིགས་བསལ་གྱི་ལག་རྟགས་སྦྱིན་དང་མཚུངས། གཞན་ཡང་《པཱ་ལགས་ཀྱི་སྤུན་མཆེད་》སོགས་དོན་སྙིང་ཟབ་མོ་ལྡན་པའི་གློག་བརྙན་མང་པོར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།
         ས་རིམ་གྱིས་རུབ་པ་དང་བཟོ་ལྟ་དང་ཆེ་ཆུང་སྣ་ཚོགས་ཀྱི་ལྒང་བཞུ་དག་གནམ་མཁའི་སྐར་ཚོགས་ས་གཞིར་འཕོས་པ་ལྟར་དུ་སྣང་། ལྷག་པར་དུ་《ཀླུ་ཡུལ་གྱི་ཞིང་ཁམས་》དང་《གསེར་བྱའི་སྨོན་འདུན་》ཞེས་པ་སོགས། ཇུས་འགོད་ངོ་མཚར་གྱི་ལྒང་བཞུར་གྲོང་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་ངང་ལྟ་བཞིན་སྣང་།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།