འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྲན་དགེ་སྒྲུབ་ཀྱི་མི་ཁྲི་ཞུགས་པའི་བྱེད་སྒོ་སྐབས་སུམ་ཅུ་པ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། གསར་འགོད་པར་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པ་སྤྱི་ཁྱབ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཀྲུང་ཧྲན་དགེ་སྒྲུབ་ཀྱི་མི་ཁྲི་ཞུགས་པའི་བྱེད་སྒོ་སྐབས་སུམ་ཅུ་པ་ཀོང་ཏུང་ཀྲུང་ཧྲན་གྲོང་ཁྱེར་དུ་སྤེལ་ཞིང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་རྒྱ་གྲམ་དམར་རྟགས་ཚོགས་པའི་འགན་འཁུར་བ་དང་རྒྱ་གྲམ་དམར་རྟགས་རྒྱལ་སྤྱིའི་ཨུ་ལྷན་གྱི་འཐུས་མི་སོགས་ལས་རིགས་ཁག་གི་མི་སྣ་ཁྲི་2ཙམ་བྱེད་སྒོར་ཞུགས་པ་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་ཁྲེན་ཀྲུའུ་ཡིས་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ་རེད། ཁྲེན་ཀྲུའུ་ཡི་རྟེན་འབྲེལ་ཞུ་ཡིག་ནང་ཀྲུང་ཧྲན་དགེ་སྒྲུབ་ཀྱི་མི་ཁྲི་ཞུགས་པའི་བྱེད་སྒོས་རྒྱ་གྲམ་དམར་པོའི་སྙིང་སྟོབས་དང་། དགེ་སྒྲུབ་ཀྱི་སྲོལ་རྒྱུན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བཅས་ཟུང་འབྲེལ་གང་ལེགས་བྱས་པ་བརྒྱུད་སྤྱི་ཚོགས་ཀྱི་མི་ཆོས་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་དང་གཅིག་ཏུ་འདུས་ནས་བྱམས་སེམས་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། མི་ཆོས་འདུ་ཤེས་བརྒྱུད་སྤེལ་བྱེད་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཞབས་ཞུ་བྱེད་པ། ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ལས་སྟེགས་དང་གཞི་རྟེན་གྱི་ནུས་པ་འདོན་སྤེལ་བྱས་ནས་ཞི་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏོང་རྒྱུ། སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་མ་གཏོང་རྒྱུ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ལོ་30སྤེལ་བ་དང་ཡུལ་དེར་མི་ཆོས་དང་། བྱམས་སེམས། ལེགས་སྐྱེས་བཅས་ཀྱི་རྒྱ་གྲམ་དམར་རྟགས་ཀྱི་སྙིང་སྟོབས་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་པ་དང་དེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་སྤུས་རྟགས་རྣམ་གྲངས་དང་སྤྱི་ཕན་ལས་སྟེགས་ཤིག་ཏུ་གྱུར་བ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།