འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་མཛེས་སྡུག་ཡིད་དུ་འོང་བའི་སྣོད་བཅུད་ཀྱི་ཉམས་འགྱུར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་མཛེས་སྡུག་ཡིད་དུ་འོང་བའི་སྣོད་བཅུད་ཀྱི་ཉམས་འགྱུར།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་རེད་ལ། ཨེ་ཤེ་ཡའི་ཆུ་ཁུངས་གསོ་འཁྱོངས་ཁུལ་དང་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། ཁུལ་དེར་གསའ་དང་གཙོད་སོགས་རྩ་ཆེའི་རི་དྭགས་མང་པོ་འཚོ་གནས་བྱེད་ཀྱི་ཡོད། 2005ལོར་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དངོས་སུ་བཙུགས་ཏེ་འཕྲལ་སྡོམ་རང་བཞིན་གྱི་སྲུང་སྐྱོང་བྱས་ནས་ས་ཁུལ་དེའི་སྣོད་བཅུད་ཞན་དུ་མི་འགྲོ་བའི་བྱ་ཐབས་སྤྱད་པ་རེད། 2016ལོའི་ཟླ་4པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་སྲུང་སྐྱོང་ཁུལ་བཙུགས་པ་དང་གླིང་དེར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་ཞིང་། ཚན་རིག་དང་མཐུན་པ་དང་ཀུན་ལ་ཕན་ཐོགས་པའི་སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་ཤིག་གསར་གཏོད་བྱ་རྒྱུ་ནི་འཛུགས་སྐྲུན་གྱི་མཐར་ཐུག་དམིགས་ཡུལ་རེད། འདི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ཁོངས་ཀྱི་ཇོ་བོ་སྒྱོགས་ཆེན་ལྡོང་ར་ནས་དགེ་འདུན་པ་འགའ་ཤས་ཀྱིས་རླུང་རྟ་མཁའ་ལ་གཏོར་བཞིན་པ།
    གོར་མོ་གྲོང་ཁྱེར་གྱི་གྲོང་ཚོ་གསར་པར་སྤོས་པའི་འབྲི་ཆུའི་ཆུ་འགོའི་གྲོང་མི་ཞིག་གིས་མ་ཎི་རྡོ་བརྐོ་བཞིན་པ།
    གོར་མོ་གྲོང་ཁྱེར་གྱི་གྲོང་ཚོ་གསར་པར་སྤོས་པའི་འབྲི་ཆུའི་ཆུ་འགོའི་གྲོང་མི་ཞིག་གིས་མ་ཎི་རྡོ་བརྐོ་བཞིན་པ།
    ཁུ་ཁུ་ཤིས་རིའི་ཁུལ་དུ་འབྲོང་ཞིག་ཟས་འཚོལ་བཞིན་པ།
    ཁུ་ཁུ་ཤིས་རིའི་ཁུལ་དུ་འབྲོང་ཞིག་ཟས་འཚོལ་བཞིན་པ།
    གཙོད་ཕྲུག་སྐྱེ་ཉེར་ཡོད་པའི་གཙོད་ཁྱུ་ཞིག་མཚོ་བོད་གཞུང་ལམ་བརྒྱུད་རྩོ་ནག་མཚོ་གནས་སར་བགྲོད་བཞིན་པ།
    གཙོད་ཕྲུག་སྐྱེ་ཉེར་ཡོད་པའི་གཙོད་ཁྱུ་ཞིག་མཚོ་བོད་གཞུང་ལམ་བརྒྱུད་རྩོ་ནག་མཚོ་གནས་སར་བགྲོད་བཞིན་པ།
    ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་གི་རྩྭ་ར་ཞིག་ནས་ལུག་ཁྱུ་འདེད་དེ་ཁྱིམ་དུ་ལོག་བཞིན་པ།
    ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་གི་རྩྭ་ར་ཞིག་ནས་ལུག་ཁྱུ་འདེད་དེ་ཁྱིམ་དུ་ལོག་བཞིན་པ།
    ཡུལ་ཤུལ་གྲོང་ཁྱེར་དུ་བོད་རིགས་མང་ཚོགས་ཁག་གཅིག་གིས་སྤྱི་པའི་རྐང་འཁོར་གླ་བཞིན་པ།
    ཡུལ་ཤུལ་གྲོང་ཁྱེར་དུ་བོད་རིགས་མང་ཚོགས་ཁག་གཅིག་གིས་སྤྱི་པའི་རྐང་འཁོར་གླ་བཞིན་པ།
    རྐྱང་ཁྱུ་ཞིག་ཁུ་ཁུ་ཤིས་རིའི་རྒྱུད་དུ་བང་རྩལ་འགྲན་བཞིན་པ།
    རྐྱང་ཁྱུ་ཞིག་ཁུ་ཁུ་ཤིས་རིའི་རྒྱུད་དུ་བང་རྩལ་འགྲན་བཞིན་པ། 
      

    ཕྱོགས་བསྡུས་གསར་འགྱུར།