འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོ་ནས་2017ལོ་བར་གྱི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་
    རྩེད་སྤོ་ལོའི་དགུན་སྒར་བྱེད་སྒོ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་13ཉིན། 12:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན། སློབ་རའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སློབ་རའི་རྐང་རྩེད་སྤོ་ལོའི་ལུས་རྩལ་ནང་ཞུགས་པའི་སློབ་ཕྲུག་ཚོར་སྤེལ་རེས་དང་། འགྲན་བསྡུར། མཐོར་གཏོང་བཅས་ཀྱི་སྟེགས་བུ་ཞིག་གཏོད་རྒྱུ་དང་སྦྲགས་དེའི་ཁྲོད་ནས་ཕུལ་བྱུང་སློབ་ཕྲུག་བདམས་ཏེ་ཕྱི་རྒྱལ་དུ་དུས་ཐུང་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་གཏོང་རྒྱུའི་ཆེད་དུ། 2016ལོ་ནས་2017ལོ་བར་གྱི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་རྩེད་སྤོ་ལོའི་དགུན་སྒར་བྱེད་སྒོ་འདི་ལོའི་ཟླ་2ཚེས་4ནས་ཚེས་10ཉིན་བར་ཡུན་ནན་ཞིང་ཆེན་ཁུན་མིང་ཧའེ་ཀེང་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་སྤེལ་བ་རེད།
         ད་རེས་ཀྱི་དགུན་སྒར་བྱེད་སྒོ་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་རྩེད་སྤོ་ལོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་དང་། ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས། ཡུན་ནན་སློབ་ཆེན་བཅས་ཀྱིས་ཐུན་མོང་ཐོག་གཉེར་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)22ཀྱི་2016ལོའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་རྩེད་སྤོ་ལོའི་དགུན་སྒར་གྱི་སྤྱི་སྒར་སྟོབས་ཤུགས་རྩེ་གྲའི་ནང་ཚུད་པའི་ཕུལ་བྱུང་ལུས་རྩལ་པ་དང་ཕུལ་བྱུང་རྩལ་ཁྲིད་པ་148ད་རེས་ཀྱི་བྱེད་སྒོར་ཞུགས་པ་རེད། དེའི་རིང་སློབ་ཁྲིད་དང་། སྦྱོར་བརྡར། འགྲན་བསྡུར་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། སྒར་ཞུགས་སློབ་ཕྲུག་ཡིན་པའི་ལུས་རྩལ་པ་ཚོའི་ལུས་སེམས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཕུན་སུམ་ཚོགས་ཤིང་དམིགས་སའི་རང་བཞིན་ལྡན་པའི་ཡུན་ནན་གྱི་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རིག་གནས་སློབ་གསོའི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་ལྟ་སྦྱོང་ཟུང་དུ་འབྲེལ་བའི་རྩལ་ཁྲིད་པ་གསོ་སྦྱོང་གི་བྱེད་སྒོའང་སྤེལ་བ་རེད། སློབ་ཕྲུག་ཚོས་སྦྱོང་བརྡར་སློབ་ཚན་81དང་གསར་གཏོད་བྱེད་སྒོ་ཐེངས་54ཡི་ནང་ཞུགས་པ་དང་གཞན་ཡང་ཡུན་ནན་ཞིང་ཆེན་དང་ཁུན་མིང་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་སྲོལ་རྒྱུན་རུ་ཁག་ལེགས་གྲས་5དང་སྤེལ་རེས་འགྲན་བསྡུར་ཐེངས་8དང་སྒར་ཞུགས་པའི་ནང་ཁུལ་གྱི་སློབ་ཁྲིད་འགྲན་བསྡུར་ཐེངས་7བྱས་པའི་ནང་སྒར་ཞུགས་སྤོ་ལོའི་རུ་ཁག་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད་ལ་རང་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་སློབ་རའི་རྐང་རྩེད་སྤོ་ལོའི་གདམ་གསེས་རང་བཞིན་གྱི་འགྲན་བསྡུར་མ་ལག་ཀྱང་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཡོད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།