འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་སྐབས་མཚོ་སྔོན་མདོ་པ་ལུས་རྩལ་ལས་དོན་རུ་ཆེན་གྱི་ལུས་རྩལ་པས་ནང་མི་ཧ་
    ཅང་དྲན་རུང་ཁ་པར་རྒྱག་མི་ཕོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་9བསྟུད་མར་ཁྱིམ་དུ་ལོ་གསར་གཏོང་མྱོང་མེད་པའི་ཧན་ཧའོ་ཡིས་དཔྱིད་གསར་དུས་ཆེན་གཟའ་མཇུག་ལྟར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་བཏང་ཚར་རྗེས་སེམས་རྣལ་དུ་ཕབ་སྟེ་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་ཅེས་བཤད།
         ཧྲན་ཏུང་ཙའོ་ཀྲོང་ནས་ཡིན་པའི་ལོ་28ལ་སོན་པའི་ཧན་ཧའོ་ནི་མཚོ་སྔོན་མདོ་པ་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ལུས་རྩལ་ལས་དོན་རུ་ཆེན་གྱི་ལུས་རྩལ་པ་ཞིག་ཡིན་པ་དང་རང་མོས་རྣམ་པའི་སྦེ་ག་སྦྱོང་བརྡར་བྱེད་ཀྱི་ཡོད། 2014ལོར་ཁོང་ལ་རྣམ་གྲངས་དེའི་རྒྱལ་ཡོངས་ཀྱི་ཨང་དང་པོའི་འགྲན་བསྡུར་གྱི་རྒྱ་མ་125རིམ་པའི་ཨང་གསུམ་པ་ཐོབ་མྱོང་།
        དཔྱིད་གསར་དུས་ཆེན་གྱི་ལོ་གསར་ཚེས་གསུམ་ལ། གསར་འགོད་པས་མདོ་པ་རྟེན་གཞིར་བཅར་འདྲི་བྱེད་པར་སྐྱོད་སྐབས་ཧན་ཧའོ་དང་རུ་མི་ཚོ་རྐང་རྩེད་སྤོ་ལོ་རྒྱག་བཞིན་མཆིས། “རང་མོས་རྣམ་པའི་སྦེ་ག་ནི་ཕྱོགས་བསྡུས་རང་བཞིན་ཆེ་བའི་རྣམ་གྲངས་ཤིག་ཡིན་རྐྱེན་སྟོབས་ཤུགས་སྦྱོང་བརྡར་བྱེད་དགོས་པ་ཕུད། རྐང་རྩེད་སྤོ་ལོའི་སྦྱོང་བརྡར་ཡང་བྱེད་དགོས། དེ་དག་བྱས་ཚེ་ང་ཚོའི་གཟུགས་པོའི་སྙོམས་སྒྲིག་དང་ཤེད་ཤུགས་ཆེ་རུ་འགྲོ་ཐུབ”ཅེས་ཧན་ཧའོ་ཡིས་བཤད།
        རང་མོས་རྣམ་པའི་སྦེ་གའི་རུ་ཁག་གི་རྩལ་སློབ་དགེ་རྒན་ཞུའེ་ཕིན་པང་གིས་ལོ་གསར་ཚེས་གསུམ་ལ་དཔུང་ཁག་ཚང་མས་སྦྱོང་བརྡར་བྱེད་འགོ་ཚུགས་ཤིང་། ཞོགས་པའི་ཆུ་ཚོད་དྲུག་པར་རུ་མི་ཚོས་ཞོགས་སྦྱོང་དང་། ཆུ་ཚོད་དགུ་པར་དངོས་འཐབ་སྦྱོང་བརྡར་དང་ལུས་སྦྱོང་། ཕྱི་དྲོའི་ཆུ་ཚོད་གསུམ་པར་སྟོབས་ཤུགས་དང་གཟུགས་པོའི་སྙོམས་སྒྲིག་རང་བཞིན་སྦྱོང་བརྡར་སོགས་བྱེད་དགོས་ཀྱི་ཡོད། དཔྱིད་གསར་དུས་ཆེན་རིང་རུ་མི་ཚོས་ཉིན་ལྟར་ཆུ་ཚོད་དྲུག་ཙམ་སྦྱོང་བརྡར་བྱེད་ཀྱི་ཡོད་ཅེས་བཤད།
        ཧན་ཧའོ་ཡིས་དཔྱིད་གསར་དུས་ཆེན་རིང་ངལ་གསོ་ཉིན་གཉིས་ལས་མེད་སྟབས་ཡུལ་གཞན་ནས་སླེབས་པའི་རུ་མི་ཚོ་ཁྱིམ་དུ་ལོག་ཐབས་བྲལ། ལོ་གསར་གནམ་གང་གི་ཉིན་མོར་རུ་མི་50ཙམ་མཉམ་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱས་པ་ཡིན་ཞེས་བཤད།
         ཧ་ཉི་རིགས་ཡུན་ནན་ཧུང་ཧེ་ཀྲོའུ་ལུའུ་ཁྲུན་རྫོང་ནས་ཡིན་པའི་ཧན་ཧའོ་ཡི་རུ་གྲོགས་ལུའུ་ཡུས་ཡིང་ལོ་13ནས་བཟུང་རང་མོས་རྣམ་པའི་སྦེ་ག་སྦྱོང་འགོ་ཚུགས། ལོ་10ལྷག་ཙམ་གྱི་གོང་རྩལ་སློབ་དགེ་རྒན་གྱི་འོས་སྦྱོར་འོག་ཁོ་མོ་ཡུན་ནན་ནས་མཚོ་སྔོན་དུ་སྦྱོང་བརྡར་བྱེད་པར་བསྐྱོད།
        “དེ་གར་སླེབས་མ་ཐག་གཟུགས་པོ་མི་འཕྲོད་པའི་ཁར་ལོ་ན་ཕྲ་བས་ནང་མི་ཧ་ཅང་དྲན་པོ་བྱུང་། སྦྱོང་བརྡར་བྱས་ནས་ཟླ་4སོང་རུང་ང་རང་ད་དུང་ཡུན་ནན་དུ་ལོག་འདོད་པའི་བསམ་བློ་རྒན་ལགས་ཀྱིས་ཤེས་འཕྲལ་ང་ལ་སྦྱོང་བརྡར་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བྱུང་། ད་ཆ་མཚོ་སྔོན་ངའི་ཕ་ཡུལ་གཉིས་པར་གྱུར་སོང”ཞེས་ལུའུ་ཡུས་ཡིང་གིས་བཤད།
        ཁོང་གིས་གསར་འགོད་པར་ངལ་གསོའི་སྐབས་ངས་ཉིན་ལྟར་ནང་མིར་ཁ་པར་རྒྱག་གི་ཡོད། འོན་ཀྱང་དཔྱིད་གསར་དུས་ཆེན་རིང་ཁ་པར་རྒྱག་ཁོམ་མ་བྱུང་། “དུས་ཆེན་སྐབས་ནང་མི་དེ་བས་མང་བ་དྲན་གྱི་འདུག་པས་སྐད་ཆ་ཚིག་ཁ་ཤས་བཤད་ནས་ལམ་སེང་འཇོག་གི་ཡོད”ཅེས་བཤད།
         “ལོ་གསར་གནམ་གང་སྐབས་རྨོ་ལགས་དང་སྐད་འཕྲིན་ནས་གླེང་མོལ་བྱས་པ་ཡིན། ཁོང་གིས་ང་མཐོང་སྐབས་སེམས་སྡུག་ཆེན་པོ་གནང་གི་འདུག་པས་ང་མིད་པ་བརྣངས་ནས་མུ་མཐུད་ཁོང་དང་སྐད་ཆ་ཤོད་མི་ཐུབ་པར་གྱུར། ངས་གལ་སྲིད་མུ་མཐུད་ཁོང་དང་སྐད་ཆ་བཤད་ན་གཉིས་ཀ་མིག་ཆུ་བཏང་ནས་ངུ་བ་ལས་གང་ཡང་ཤོད་མི་ཐུབ”ཅེས་ལུའུ་ཡུས་ཡིང་གིས་བཤད།
         ལུའུ་ཡུས་ཡིང་གིས་དཔྱིད་གསར་དུས་ཆེན་ཕུད། རང་ཉིད་ནང་མི་དང་མཉམ་དུ་ལུགས་རྙིང་ལོའི་ཟླ་བཅུ་པར་ཕ་ཡུལ་དུ་གཏོང་བའི“ཧ་ཉིའི་ཟླ་བཅུ་པའི་ལོ་གསར”དུས་ཆེན་གཏོང་འདོད་འདུག དུས་ཆེན་དེར་ཡུལ་མི་ཚོས་ཟས་ཀྱི་སྟོན་མོ་གཤོམ་གྱི་ཡོད་ཅིང་། ང་རང་ཁོང་ཚོ་དང་མཉམ་དུ་ལོ་གསར་གཏོང་འདོད་ཆེན་པོ་འདུག་ཅེས་བཤད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།