འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥེ་རི་ཁ་ནུབ་མའི་གློག་སྐྱེལ་གློག་སྒྱུར་སྐུད་ལམ་ཕན་ཚུན་མཐུད་སྦྲེལ་གྱི་རྣམ་གྲངས་
    ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན། ཁོ་ན་ཁེ་རི་ནས་གནས་ཚུལ་འབྱོར་བ་ལྟར་ན། ཀི་ནེ་ཡའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཁང་གིས་ཚེས་4ཉིན་གྱི་དགོང་མོ་གནས་ཚུལ་སྤེལ་གཏོང་བྱས་ནས་ཀི་ནེ་ཡའི་ཙུང་ཐུང་ཁུང་ཏའེ་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་གློག་སྐྱེལ་གློག་སྒྱུར་སྐུད་ལམ་ཕན་ཚུན་མཐུད་སྦྲེལ་གྱི་རྣམ་གྲངས་ལས་འགོ་འཛུགས་པ་ཁྱབ་བསྒྲགས་བྱས་ཡོད་ཅེས་འཁོད་ཡོད་པ་རེད།
         ཁུང་ཏའེ་ཡིས“ཨ་ཧྥེ་རི་ཁའི་ཡུལ་མི་ཚོར་གློག་བརྟན་པོ་གཏོང་བར་སྔར་བཞིན་འབད་བརྩོན་ཆེན་པོ་བྱེད་དགོས། ཨ་ཧྥེ་རི་ཁ་གཞི་གཅིག་ཅན་གྱི་མཚོན་རྟགས་ཡིན་པའི་རྣམ་གྲངས་དེ་ལག་ལེན་བསྟར་བ་དེ་ཐོག་ནས་ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་ལ་གློག་ཤུགས་ཐོན་ཁུངས་ཀྱི་ཁྲོམ་ར་སྤུས་ལེགས་ཤིག་བཏོད་དེ་ས་ཁོངས་ཕལ་པའི་རྒྱལ་ཁབ་མི་འདྲ་བའི་ཡུལ་མི་ཚོའི་འཚོ་བར་མཁོ་བའི་གློག་གཏོང་ཐུབ་པ་དང་ཆབས་ཅིག་གློག་རིན་དམའ་རུ་འགྲོ་རྒྱུ་རེད”ཅེས་བརྗོད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། གློག་དྲ་དེའི་དམིགས་ཡུལ་ནི་སེ་ནེ་ཀལ་གཙང་པོ་གསར་སྤེལ་སྒྲིག་གཞིའི་ཁོངས་མིའི་རྒྱལ་ཁབ་ལ་གློག་ཤུགས་ནུས་རྒྱུ་འགན་ལེན་བྱས་ནས་རྣམ་གྲངས་བསྐྲུན་པའི་འགྲོ་གྲོན་ཚོད་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་10ལས་བརྒལ་རྒྱུ་མ་ཟད། སྐུད་ལམ་གྱི་རིང་ཚད་ལ་སྤྱི་ལེ་1677ཙམ་ཟིན་རྒྱུ་དང་དེའི་འགོ་ཀྲུང་གོའི་ཀུང་སིས་ཀི་ནེ་ཡའི་ནུབ་རྒྱུད་མཚམས་སུ་བསྐྲུན་འགན་འཁུར་བའི་ཁའེ་གཡོད་མཐོ་ལྕོགས་ཆུ་བེད་ལྟེ་གནས་ནས་བཙུགས་ཏེ་ཀམ་པི་ཡ་དང་། སེ་ནེ་ཀལ། མ་ལི། ཀི་ནེ་ཡ། པི་སོ་སོགས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ལ་མཐུད་སྦྲེལ་ཐུབ་རྒྱུ་རེད།
         ཀི་ནེ་ཡའི་ནུས་རྒྱུ་དང་ཆུ་བེད་པུའུ་ཀྲང་ཤེ་ཧའོ་·ཐ་ལི་པི་·ཤིས་ལ་ཡིས་ཁའེ་གཡོད་མཐོ་ལྕོགས་ཆུ་ཤུགས་གློག་ཁང་གིས་འབྱུང་འགྱུར་ཀམ་པི་ཡ་དང་། ཀི་ནེ་ཡ། པི་སོ། མ་ལི་སོགས་ས་གནས་ཀྱི་30%ཟིན་པའི་གློག་ཤུགས་དགོས་མཁོ་སྐོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།