འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁས་དྭ་ཕྲུག་དང་འགན་ལེན་ལྔའི་རྒན་རྒོན་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ལྷོ་ཁས་དྭ་ཕྲུག་དང་འགན་ལེན་ལྔའི་རྒན་རྒོན་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་2011ལོར“དམངས་སེམས་དང་མཐུན་པའི་འདུ་འགོད་བཅུ”ལག་ལེན་བསྟར་ཚུན་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་70%ཡན་གྱི་ནོར་ཤུགས་དམངས་འཚོར་བཏང་བ་དང་ཆབས་ཅིག དབང་པོ་སྐྱོན་ཅན་དང་། དྭ་ཕྲུག འགན་ལེན་ལྔའི་རྒན་རྒོན་བཅས་ལ་སེམས་ཁུར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དྭ་ཕྲུག་འགན་ལེན་གྱི་ལམ་སྲོལ་དང་ཆེད་དམིགས་ལྟ་སྐྱོང་བའི་ཁ་གསབ་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་སྤྱི་ཚོགས་ཀྱི་མ་རྩར་བརྟེན་ནས་ཕྱོགས་བསྡུས་རང་བཞིན་གྱི་ཕན་བདེ་ཁང་དང་། རྒན་རྒོན་གྱི་སྤྱི་ཤག རྒན་རྒོན་གྱི་ཞབས་ཞུ་ལྟེ་གནས་སོགས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཡོད། ད་ཆ་གྲོང་ཁྱེར་ཡོངས་ཀྱི་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་དང་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་གྱི་འདོད་པ་ཡོད་ཚད་100%ཟིན་ཡོད་ཅིང་། འདི་ནི་ཟླ་2ཚེས་4ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དུ་གསབ་ཁྲིད་དགེ་རྒན་བཀྲ་ཤིས་དོན་གྲུབ་(རྒྱབ་)ཀྱིས་གུང་གསེང་རིང་ཕྲུ་གུ་ཚོར་བོད་ཡིག་གསབ་ཁྲིད་བྱེད་པའི་གནས་ཚུལ་ཡིན་པ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།