འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཚོགས་འདུ་གཉིས་ཐོག་གི་གྲོས་འགོ་དང་གྲོས་གཞི་ཚང་མ་དོན་འཁྱོལ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཞིས་ཡན་ཁྲུན་གྱིས་2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་སྣེ་ཁྲིད་ནས་བདག་གཉེར་བྱས་པའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་7873དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་3862ཚང་མ་དོན་འཁྱོལ་བྱུང་ཡོད་ཅེས་བཤད་པ་རེད།
         སྒྲུབ་འགན་ཁས་ལེན་གྱི་གྲངས་འབོར་ནས་བལྟས་ཚེ། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱིས་སྒྲུབ་འགན་ཁས་ལེན་བྱས་པའི་གྲོས་འགོའི་གྲངས་འབོར་དེ་2015ལོ་དང་སྤྱིར་ན་གཅིག་མཚུངས་ཡིན་པ་དང་གྲོས་གཞིའི་གྲངས་འབོར་ཅུང་ཉུང་དུ་ཕྱིན་ཡོད་པ་རེད།
         གྲོས་འགོ་དང་གྲོས་གཞི་ཐག་གཅོད་བྱས་པའི་དུས་ཚོད་ནས་བལྟས་ཚེ། སྡེ་ཚན་ཁག་གིས་སྙན་སེང་ཞུས་པའི་གནས་ཚུལ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཕྱོགས་དང་ཞིབ་བསྡུར་བྱས་པ་བརྒྱུད། སྡེ་ཚན་ཁག་གིས་གྲོས་འགོ་དང་གྲོས་གཞི་ཚང་མ་འབྲེལ་ཡོད་ཕྱོགས་ཁག་གིས་བཏོན་པའི་དུས་ཚོད་ནང་ཐག་གཅོད་བྱས་ཡོད་པ་རེད།
         ལན་བརྒྱབ་པའི་སྤུས་ཚད་ནས་བལྟས་ཚེ། ཞིས་ཡན་ཁྲུན་གྱིས་སྒྲུབ་འགན་ཁས་ལེན་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་རྩོམ་སྲོལ་འགྱུར་ལྡོག་བཏང་ནས་ཡིག་ལན་གྱི་དམིགས་སའི་རང་བཞིན་ཆེ་རུ་དང་སྤུས་ཚད་སྔར་བས་མཐོ་རུ་བཏང་བར་འཐུས་མི་དང་ཨུ་ཡོན་ཚོས་ཚད་མཐོའི་གདེང་འཇོག་ཐོབ་ཡོད་ཅེས་བཤད།
        བདག་གཉེར་བྱས་འབྲས་ནས་བལྟས་ཚེ། ཞིས་ཡན་ཁྲུན་གྱིས་འཐུས་མི་དང་ཨུ་ཡོན་ཚོས་བཏོན་པའི་གནད་དོན་ཐག་གཅོད་ཐུབ་པའམ་ཡང་ན་རིམ་བཞིན་ཐག་གཅོད་བྱ་རྩིས་ཡོད་པའི་གྲངས་འབོར་81.9%ཟིན་ཡོད། ཉེ་དུས་ཐག་གཅོད་བྱེད་ཐབས་བྲལ་བའི་གནད་དོན་རིགས་སྒྲུབ་འགན་ཁས་ལེན་སྡེ་ཚན་གྱིས་དངོས་ཐོག་བདེན་འཚོལ་ངང་གནས་ཚུལ་གསལ་བཤད་བྱས་ཏེ་འཐུས་མི་དང་ཨུ་ཡོན་ཚོའི་བསམ་ཤེས་ཐུབ་རྒྱུའི་བརྩོན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
        “སྡེ་ཚན་གྱི་སྙན་ཞུའི་གནས་ཚུལ་བསྡོམས་རྩིས་བྱས་པར་གཞིགས་ན། སྡེ་ཚན་ཁག་གིས་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་3000ལྷག་ཙམ་དང་ལེན་བྱས་པ་དང་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་1300ལྷག་ཙམ་བཏོན་ནས་སྲིད་གཞུང་གི་ཐབས་ཇུས་སྤུས་ཚད་དང་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལས་དོན་སྒྱུར་བཅོས་བྱེད་པར་སྐུལ་མའང་ཐེབས་ཡོད”ཅེས་ཞིས་ཡན་ཁྲུན་གྱིས་བཤད་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།