འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ནོར་སྲིད་པུའུ་ཀྲང་གིས་ལོན་ཏོན་གྱི་དངུལ་རྩའི་གྲོང་ཁྱེར་གྱི་གནས་བབ་དེ་
    གཞན་གྱིས་ཚབ་བྱེད་ཐབས་བྲལ་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངསད་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་འཇར་མན་གྱི་ནོར་སྲིད་པུའུ་ཀྲང་ཧྲུའོ་དབྱི་པུ་ལེས་ལོན་ཏོན་གྱི་དངུལ་རྩའི་གྲོང་ཁྱེར་གྱིས་མཁོ་འདོན་བྱས་པའི་དངུལ་རྩའི་ཞབས་ཞུའི་ཕན་པ་ཡོ་རོབ་ཧྲིལ་པོར་ཐོབ་ཡོད། ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་བྲལ་རྒྱུའི”གྲོས་ཆོད་ལ་གྲོས་མོལ་བྱེད་སྐབས་གནས་ཚུལ་དེ་ཤེས་པ་བྱེད་དགོས་ཞེས་བཤད།
         “དབྱིན་ཇི་བའི་གཏན་འབེབས་དེའི་སྐོར་ལ་ང་ཚོས་ཁོང་ཚོར་ཆད་པ་གཅོད་འདོད་མེད”ཧྲུའོ་དབྱི་པུ་ལེས་ཉིན་དེར་འཇར་མན་གྱི《ཉིན་རེའི་མེ་ལོང་ཚགས་པར》གྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས“དབྱིན་ཇི་དང་འབྲེལ་བ་མུ་མཐུད་ལེགས་སུ་འགྲོ་རྒྱུའི་ཐད་ང་ཚོར་རེ་བ་ཆེན་པོ་ཡོད”ཅེས་བཤད།
         ཁོང་གིས་ལོན་ཏོན་དངུལ་རྩའི་གྲོང་ཁྱེར་གྱིས་ཡོ་རོབ་ཧྲིལ་པོའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་གི་ཡོད། མིག་སྔར་ཡོ་རོབ་སྐམ་ས་ཆེ་མོར་གྲོང་ཁྱེར་གང་འདྲ་ཞིག་གིས་ཆུ་ཚད་དེ་དང་འདྲ་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་མཁན་མེད་ཅེས་ནན་བཤད་བྱས་པ་དང་། ཁོང་གིས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་བྲལ་རྗེས”ལོན་ཏོན་གྱི་དངུལ་རྩའི་གྲོང་ཁྱེར་ལ་འགྱུར་ལྡོག་དེ་བས་ཆེན་པོ་ཡོང་ངེས་རེད། འོན་ཀྱང་དེའི་ཐད་ལ་ཡོ་རོབ་མནའ་འབྲེལ་གྱིས་ངེས་པར་དུ་དབྱིན་ཇི་དང་མཉམ་དུ་ལུགས་མཐུན་གྱི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་དགོས་ཞེས་བཤད།
         མིག་སྔར། དབྱིན་ཇིའི་དངུལ་རྩའི་སྒྲིག་གཞིར་ཡོ་རོབ་ཏུ་སྤེལ་བའི་དངུལ་རྩའི་ལས་སྒོའི་དབྱིན་ཇི“ཡོ་རོབ་མནའ་འབྲེལ་གྱི་རྒྱལ་གྲོལ་ལག་ཁྱེར”གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དེས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་མང་པོ་ཞིག་གིས་ལོན་ཏོན་རྟེན་གཞིར་བྱས་ནས་ཡོ་རོབ་ཀྱི་དངུལ་རྩའི་ལས་སྒོ་གཉེར་ཆོག་གི་ཡོད། “ཡོ་རོབ་མནའ་འབྲེལ་ནས་བྲལ་རྗེས”དབང་ཆ་དེ་སོར་ཉར་བྱེད་ཐུབ་མིན་ད་དུང་གསལ་པོ་ཤེས་ཀྱི་མེད། གལ་སྲིད་དབང་ཆ་དེ་ཤོར་ན་དབྱིན་ཇིར་ཡོད་པའི་དངུལ་རྩའི་སྒྲིག་གཞི་དག་ཡོ་རོབ་ཀྱི་ཁྲོམ་ར་མང་ཆེ་བར་འཛུལ་ཐབས་བྲལ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།