འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྣ་འདུ་ཚོགས་ཆེ་སའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་གྱི་ཆུ་ཚོད་17དང་སྐར་མ་27ཙམ་ལ། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཐེན་ཐའེ་རྫོང་ཁྲེ་ཁྲེང་སྲང་ལམ་གྱི་རྐང་པ་འཁྲུ་ཁང་ཞིག་ཏུ་མེ་ཤོར་ནས་མི་18ཤི་བ་དང་མི་18ལ་རྨས་སྐྱོན་ཕོག་ཡོད། ལས་འཛོལ་གྱི་སྙན་ཞུ་འབྱོར་རྗེས་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ལས་དོན་ཚོགས་ཆུང་མེ་སྐྱོན་ཐོན་ཡུལ་དུ་མཛུབ་ཁྲིད་དང་གཞོགས་འདེགས་ཀྱིས་རྨས་མ་སྐྱོབ་བཅོས་དང་ལས་འཛོལ་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་བར་མངགས་པ་རེད།
         གསར་འགོད་པར་ཚེས་6ཉིན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་བཅས་ལ་ལས་འཛོལ་ཁྲོད་ནས་བསླབ་བྱ་ཐོབ་པ་བྱས་ཏེ་སློབ་གྲྭ་དང་། གསོལ་མགྲོན་ཁང་། ཚོང་ར། ཁྲོམ་ར། རོལ་རྩེད་ཁང་། སྤྱི་ཚོགས་ཕན་བདེ་སྒྲིག་གཞི་སོགས་མི་སྣ་འདུ་ཚོགས་ཆེ་སའི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཞིབ་ཕྲ་བྱས་ཏེ་མེ་ཟོན་སྒྲིག་བཀོད་མེད་པ་དང་གཏོར་སྐྱོན་ཐེབས་པའི་རིགས་ལེགས་སྒྲིག་དང་། བདེ་འཇགས་ཐོན་སྒོ་དང་མི་སྣ་ཁ་འགྲེམས་འགྲོ་ལམ་བཀག་པ་དང་། སྒོ་བརྒྱབ་པ། སྒྲིག་འགལ་ངང་སྡོད་གནས་བཟོ་བ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་གྲལ་བཤེར་དང་། སྣུམ་དང་། སོལ་རླངས། གློག་བཅས་སྤྱོད་སྐབས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་ལས་འཛོལ་དེ་རིགས་ཐོན་རྒྱུར་དོགས་ཟོན་དང་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།