འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་མཚོ་ཐོག་ཆེས་ལྷོའི་ཚན་རིག་རྟོག་ཞིབ་
    ཀྱི་ཟིན་ཐོ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན། ཐེངས་33པའི་ཀྲུང་གོའི་ལྷོ་སྣེར་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་བསྡད་པའི“གངས་འབྲུག”རྟགས་ཅན་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཉེ་ཆར་འཕྲེད་ཐིག་ལྷོ་མ་78° 41གི་ལུའོ་སི་རྒྱ་མཚོའི་མཚོ་ཁོངས་སུ་སླེབས་པ་རེད། དེ་ནི“གངས་འབྲུག”རྟགས་ཅན་སའི་གོ་ལའི་ཕྱེད་ལྷོ་མར་སླེབས་པའི་འཕྲེད་ཐིག་ཏུའུ་གྲངས་མཐོ་ཤོས་སུ་སླེབས་པ་ཞིག་ཡིན་ལ་གོ་ལ་ཧྲིལ་པོའི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ལྷོ་སྣེའི་མཚོ་ཁོངས་ཀྱི་ཆེས་ལྷོ་སྣེར་སླེབས་པའི་ཟིན་ཐོའང་བཏོད་ཡོད་པ་རེད། རྒྱལ་ཁབ་མང་པོ་ཞིག་གི་ཚན་རིག་མཁས་ཅན་གྱིས་ལུའོ་སི་རྒྱ་མཚོར་སའི་གོ་ལའི་ཆེས་མཐའ་མཇུག་གི་རྒྱ་མཚོའི་གདོད་མའི་རྣམ་པའི་སྣོད་བཅུད་མ་ལག་གནས་ཡོད་པ་དང་། དེ་ནི་ལྷོ་སྣེའི་ཚེ་སྲོག་ལོ་རྒྱུས་ཤེས་རྟོགས་བྱེད་པའི་ས་ཆ་ཞིག་ཡིན་སྲིད་ལ་གནམ་གཤིས་འགྱུར་ལྡོག་གིས་ལྷོ་སྣེ་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པར་ཞིབ་འཇུག་བྱེད་སའི་རང་བྱུང་ཚན་རིག་ཚོད་ལྟ་ཁང་ཡག་པོ་ཞིག་དེ་བས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།