འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མི་འབོར་མང་དུ་ཕྱིན་པས་ཨ་ཧྥེ་རི་ཁར་གྲོང་ཁྱེར་ཅན་དུ་འགྱུར་རྒྱུར་གནོན་ཤུགས་ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2050ལོར་སླེབས་སྐབས་ཨ་ཧྥེ་རི་ཁའི་མི་འབོར་ཕྱེད་ཀ་ཡན་གྲོང་ཁྱེར་དུ་གནས་སྡོད་བྱ་རྒྱུ་རེད། སྐབས་དེར་གྲོང་ཁྱེར་གྱི་འཕེལ་རྒྱས་དེ་མི་འབོར་མང་དུ་སོང་བའི་གོམ་སྟབས་ཀྱི་རྗེས་ཟིན་ཐུབ་བམ། གནད་དོན་དེ་ཉེ་དུས་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་དུ་འཚོགས་པའི་ཨ་ཧྥེ་རི་ཁའི་ས་ཁང་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་དབུ་ཚོགས་ཐོག་གྲོས་བསྡུར་བྱ་གཞིར་གྱུར་ཡོད།
         ཨ་ཧྥེ་རི་ཁའི་གསར་སྤེལ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་གི་ནང་། ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་མི་འབོར་འཕར་ཚད་དེ་ལོ་རྒྱུས་ཐོག་མཐོ་ཤོས་སུ་སླེབས་ཡོད་པ་དང་2015ལོའི་གྲོང་ཁྱེར་གྱི་མི་འབོར་དེ་1995ལོ་ལས་ལྡབ་གཅིག་འཕར་ནས་མི་འབོར་དུང་ཕྱུར་4.72ཙམ་ཟིན་ཡོད། 2050ལོར་སླེབས་སྐབས་ཨ་ཧྥེ་རི་ཁ་དེ་ཉིད་གྲོང་ཁྱེར་ཅན་དུ་གྱུར་ཚད་སྔོན་དཔག་བྱས་ན་60%ཟིན་རྒྱུ་རེད་ཅེས་བསྟན་ཡོད། ཉིའུ་ཅིན་དཔལ་འབྱོར་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ཞིག་གི་ནང་མི་འབོར་མགྱོགས་མྱུར་འཕར་བར་བརྟེན་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོ་དེ་ཉིད་འཛམ་གླིང་ཐོག་གྲོང་ཁྱེར་ཅན་དུ་འགྱུར་མགྱོགས་ཤོས་ཀྱི་ས་ཁུལ་དུ་གྱུར་རེ་ཡོད། མིག་སྔར་ཨ་ཧྥེ་རི་ཁའི་གྲོང་ཁྱེར་གཙོ་བོས་ལོ་ལྟར་ཆ་སྙོམས་བྱས་ན། ས་ཁོངས་དཔལ་འབྱོར་ལ་ཨ་སྒོར་དུང་ཕྱུར་7000ལེགས་སྐྱེས་འབུལ་གྱི་ཡོད། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་གྲངས་ཀ་དེ་ཨ་སྒོར་དུང་ཕྱུར་ཁྲི་1.7ཟིན་རྒྱུ་རེད་ཅེས་བསྟན་ཡོད།
         གྲོང་ཁྱེར་ཅན་དུ་འགྱུར་རྒྱུ་དེ་ནི་ཨ་ཧྥེ་རི་ཁ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཤིག་རེད། གསར་གཏོད་དང་བསྟུན་མཁས་ཀྱི་གྲོང་ཁྱེར་ཅན་དུ་འགྱུར་རྒྱུའི་སྲིད་ཇུས་ཀྱིས་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་རྒྱུ་དང་ས་ཁུལ་བཟོ་ལས་ཅན་དུ་འགྱུར་རྒྱུའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་དེ་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། རིགས་གཅིག་མཁས་ཅན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་གྲོང་ཁྱེར་ཅན་དུ་འགྱུར་རྒྱུའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཁྲོད་སྤྱིའི་འཆར་འགོད་རིམ་བཞིན་འཐུས་ཚང་དུ་བཏང་ནས་མུན་འཐོམས་ངང་ཏི་པའེ་སོགས་འཛམ་གླིང་རིམ་པའི་གྲོང་ཁྱེར་གྱི་འཕེལ་རྒྱས་འགྲོ་སྟངས་ལ་ལད་མོ་བྱས་ཏེ་གྲོང་ཁྱེར་རྒྱ་སྐྱེད་ཀྱི་མ་གནས་མཐོ་རུ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས་ཞེས་བཤད།
         “གལ་ཏེ་སྲིད་གཞུང་གིས་གྲོང་ཁྱེར་གྱི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཚེ། གསར་འཕར་བྱུང་བའི་གྲོང་ཁྱེར་མི་འབོར་གྱིས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དེ་བས་མང་བའི་གོ་སྐབས་དང་རྒྱུ་ནོར་གཏོད་སྲིད” དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་མ་ལི་ཨའོ·ཧྥེ་སི་ཉིས་ད་ཕན་ལོ་ཤས་རིང་སྤོམས་ཆེ་བའི་ཚོང་ཟོག་གི་རིན་གོང་ཆག་པར་བརྟེན་ཨ་ཧྥེ་རི་ཁའི་དཔལ་འབྱོར་གཙོ་གཟུགས་ཁག་གཅིག་གི་འཕར་ཤུགས་ཆག་ཡོད། གནས་ཚུལ་དེ་རིགས་འོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་གྲོང་ཁྱེར་ཅན་གྱི་འཛུགས་སྐྲུན་ལ་མ་དངུལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གསར་འཕར་བྱུང་བའི་གྲོང་ཁྱེར་མི་འབོར་གྱི་འཚོ་བ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཏུན་གྱི་ཧྲི་ཀྲང་གཞོན་པ་དབྱི་ཨེན·ཉིར་སན་གྱིས“ཨ་ཧྥེ་རི་ཁའི་གྲོང་ཁྱེར་གྱི་མི་འབོར་མགྱོགས་མྱུར་འཕར་བ་དེས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཁྲོམ་ར་མཁོ་འདོན་བྱས་ཡོད། སྲིད་གཞུང་གིས་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འགོག་རྐྱེན་སེལ་ནས་སྡོད་ཁང་དང་། འགྲིམ་འགྲུལ། སྨན་བཅོས། ལས་ཞུགས་སོགས་འགག་རྩའི་ཁྱབ་ཁོངས་ལ་མ་དངུལ་གཏོང་ཚད་མང་དུ་བཏང་སྟེ་ཕན་ཡོད་ཀྱི་ཆ་རྐྱེན་གཏོད་དགོས”ཞེས་བཤད།
          ལྷོ་ཨ་ཧྥེ་རི་ཁར་མཚོན་ན། མིག་སྔར་རྒྱལ་ཁབ་དེའི་མི་འབོར་63%གྲོང་ཁྱེར་ནང་འཚོ་བ་སྐྱེལ་གྱི་ཡོད་པ་དང་2050ལོར་སླེབས་སྐབས་མི་བཅུ་ཡི་ནང་ནས་མི་བརྒྱད་གྲོང་ཁྱེར་དུ་འཚོ་བ་སྐྱེལ་རྒྱུ་རེད། ཉིར་སན་གྱིས་མིག་སྔར་གྲོང་ཁྱེར་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་བར་ཁ་གཏད་གཅོག་ཆེད། ཁའེ་ཕུའུ་ཏུན་གྲོང་ཁྱེར་སྲིད་གཞུང་གིས་ལན་ཐེ་སྒོར་དུང་ཕྱུར་46(ཨ་སྒོར་དུང་ཕྱུར་3.4དང་མཚུངས་པ་)ཟིན་པའི་གྲོང་ཁྱེར་ལྟེ་གནས་གསར་སྤེལ་གྱི་འཆར་གཞི་ལག་བསྟར་བྱས་པ་དེའི་ནང་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་དང་མྱུར་སྐྱོབ་ལྟེ་གནས་རྒྱས་བསྐྲུན་བྱ་རྒྱུ་དང་སྐུད་མེད་དྲ་བ་ཁྱབ་འགྱེད་ཁུལ་270བསྐྲུན་རྒྱུ་ཚུད་ཡོད། འཆར་གཞི་དེས་ཁའེ་ཕུའུ་ཏུན་གྲོང་ཁྱེར་འཕེལ་རྒྱས་ཐད་མ་འཇོག་བྱེད་མཁན་མང་པོའི་ཡིད་དབང་བཀུག་རྒྱུ་མ་ཟད། ས་ཁང་ཐོན་ལས་ཀྱང་དེ་དང་ཆབས་ཅིག་དར་རྒྱུ་རེད། “གྲོང་ཁྱེར་གྱི་ཞབས་ཞུ་ལེགས་སུ་ཕྱིན་པར་བརྟེན་ཁའེ་ཕུའུ་ཏུན་དུ་གཞི་ཆགས་མཁན་ལྷོ་ཨ་ཧྥེ་རི་ཁ་བ་མང་དུ་འགྲོ་བཞིན་ཡོད”ཅེས་ཉིར་སན་གྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།