འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་བ་ཅན་གྱི་མཐོ་སྒང་དུ་དགུན་དུས་ཞིང་ཆུ་འདྲེན་པར་བྲེལ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་18ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁ་བ་ཅན་གྱི་མཐོ་སྒང་དུ་དགུན་དུས་ཞིང་ཆུ་འདྲེན་པར་བྲེལ་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ས་ངོས་ཆགས་ཚུལ་དམིགས་བསལ་ཡིན་པ་དང་། ཆུའི་ཐོན་ཁུངས་དུས་དང་བར་སྟོང་གི་ཁྱབ་ཚུལ་མི་སྙོམས་པས། ས་ཁོངས་60%ཟིན་པ་ནི་ཐན་པ་དང་ཐན་པ་ཕྱེད་ཙམ་གྱི་ས་རྒྱུད་དུ་གནས་ཡོད་ཅིང་། དུས་ཚིགས་ཀྱི་རང་བཞིན་དང་། ས་ཁུལ་གྱི་རང་བཞིན། ལས་གྲྭའི་རང་བཞིན་བཅས་ཀྱི་དབང་གིས་ཆུ་དཀོན་པ་མངོན་གསལ་དོད་པོ་རེད། ཉེ་བའི་ལོ་ཤས་རིང་ལ་བོད་ལྗོངས་ཀྱིས་ཞིང་ཁའི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་གཙོ་གནད་རྫོང་དང་ཆེད་དམིགས་རྫོང་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཞིང་ཆུ་འདྲེན་པའི"མཐའ་མའི་སྤྱི་ལེ་གཅིག"གི་གནད་དོན་ཐག་གཅོད་བྱས་པ་རེད། འདི་ནི་བོད་ལྗོངས་ལྷུན་གྲུབ་རྫོང་འཕན་པོའི་ཞིང་ཆུ་འདྲེན་ཁུལ་བྱང་ཁ་གྲོང་ཚོའི་གྲོང་མི་ཚོས་དགུན་དུས་ཞིང་ཁར་ཆུ་འདྲེན་གྱི་ངལ་རྩོལ་བྱེད་བཞིན་ཡོད་པ།
    ༄༅།།ཁ་བ་ཅན་གྱི་མཐོ་སྒང་དུ་དགུན་དུས་ཞིང་ཆུ་འདྲེན་པར་བྲེལ་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།