འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་དཔྱད་བརྗོད་ལན་ཀྲོའུ་ནས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་དཔྱད་བརྗོད་ལན་ཀྲོའུ་ནས་འཚོགས་པ།
            མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ1པོའི་ཚེས16ཉིན་གྱི་ཕྱི་དྲོར། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་བདེ་མལ་གསོལ་མགྲོན་ཁང་དུ། སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མི་རིགས་སློབ་གསོའི་མཛད་འཕྲིན་བསྐྱངས་ནས་བགྲང་བྱ་བཞི་བཅུ་ལོན་པ་དང་འབྲེལ་ཁོང་གི་རིག་གཞུང་དགོངས་གཞིར་དཔྱད་བརྗོད་སྤེལ་བའི་མཛད་སྒོ་འཚོགས་པ་རེད། ཐེངས་འདིའི་དཔྱད་བརྗོད་ཚོགས་འདུ་རུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིས་བེ་ཕིན། སློབ་གཙོ་ཁྲིན་ཧྥུའུ་རོང་། སློབ་གཙོ་གཞོན་པ་རྡོར་ཕྲུག མཚོ་སྔོན་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ་བཅས་དང་ཀན་ཅུའུ་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། སློབ་གསོ་ཐིན། རིག་གནས་ཐིན། ཞིང་ཆེན་མི་རིགས་ལས་དོན་ལྷན་ཚོགས་སོགས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་བློ་མཐུན་ཚོ་ཞུགས་ཡོད་པ་རེད།
              ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཁྲིན་ཧྥུའུ་རོང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཏང་ཨུའི་ཧྲུའུ་ཅི་ལིས་བེ་ཕིན་གྱིས་ཤིས་ཚིག་ཕུལ། སློབ་གཙོ་གཞོན་པ་རྡོར་ཕྲུག་ལགས་ཀྱིས་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་ཞིབ་འཇུག་ཕྱག་རྗེས་གཙོ་བོ་ངོ་སྤྲོད་བྱས། གཞན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་དོན་གྲུབ་དབང་འབུམ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་སོགས་གདན་ཞུ་སྐུ་མགྲོན་ཚོས་གཏམ་བཤད་སྤེལ་བ་རེད།
             ཐེངས་འདིའི་ཚོགས་འདུ་ཐོག་ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་སྐུ་མགྲོན་བརྒྱ་ཕྲག་ལྷག་འདུས་ཡོད་ཅིང་། སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་མི་རིགས་སློབ་གསོའི་མཛད་འཕྲིན་བསྐྱང་ནས་བགྲང་བྱ་བཞི་བཅུ་ལོན་པ་དང་ཁོང་གི་བླ་ན་མེད་པའི་རིག་གཞུང་ཞིབ་འཇུག་ལ་དཔྱད་བརྗོད། གསུང་འབུམ་གདམས་བསྒྱུར་དང་ཕྱག་བྲིས་བརྙན་དཔར། བསེ་སྐུ་ཕྲེང་དྲུག་པའི་རྣམ་ཐར་སྔ་ཕྱིར་དཔར་སྐྲུན་གནང་བར་དཔྱད་བརྗོད་སྤེལ་བར་མ་ཟད། དམ་པ་ཁོང་གིས་མི་རིགས་སློབ་གསོའི་ལས་དོན་དང་བོད་ཀྱི་ཤེས་རིག་འཕེལ་རྒྱས་ལ་མཛད་རྗེས་ངོ་མཚར་གནང་བ་ལ་བཀའ་དྲིན་བླ་ལྷག་ཏུ་ཞུས་སོ།། ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས།
    ༄༅།།བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་དཔྱད་བརྗོད་ལན་ཀྲོའུ་ནས་འཚོགས་པ།
    ༄༅།།བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་རིག་གཞུང་དཔྱད་བརྗོད་ལན་ཀྲོའུ་ནས་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།