འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་རིང་དངུལ་འབྲེལ་གཱ་ཡི་ཉོ་ཚོང་ཟིན་ཐོ་སླར་ཡང་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན། ཀྲུང་གོའི་དངུལ་འབྲེལ་མ་རྐང་ཚད་ཡོད་ཀུང་སིས་ཟླ་2ཚེས་3ཉིན་ཁྱབ་བསྒྲགས་བྱས་པའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་དངུལ་འབྲེལ་དྲ་རྒྱའི་ཉོ་ཚོང་གྲངས་གཞི་ལས་མངོན་པར་གཞིགས་ན། 2017ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་(གནམ་གང་དགོང་མོ་ནས་རྒྱ་ཟླ་1ཚེས་6ཉིན་བར་)དངུལ་འབྲེལ་དྲ་རྒྱའི་ཉོ་ཚོང་ལ་སླར་ཡང་ཟིན་ཐོ་གསར་པ་བཏོད་ཅིང་། ཉོ་ཚོང་དངུལ་གྲངས་དང་ཐེངས་གྲངས་ཁག་སོ་སོར་སྒོར་དུང་ཕྱུར་4620དང་སྒོར་དུང་ཕྱུར་3.43ཟིན་ནས། དུས་མཚུངས་ལས་སོ་སོར་48.1%དང་11.7%འཕར་ཡོད་པ་དང་། དེའི་ནང་དངུལ་འབྲེལ་གཱ་ས་ཁོངས་ཕྱི་རོལ་དུ་ཉོ་ཚོང་ཐེངས་གྲངས་དུས་མཚུངས་ལས་40%ཙམ་འཕར་ནས་འཕར་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
         “སྤྱིའི་འཛད་སྤྱོད་གནས་ཚུལ་ལ་བལྟས་ཚེ་བཟའ་བཏུང་དང་། ཅ་དངོས་ཉོ་སྒྲུབ། ཡུལ་སྐོར། ཕྱིར་སྐྱོད་སོགས་གྲོང་མི་མི་སྒེར་གྱི་འཛད་སྤྱོད་ནི་དུས་ཆེན་འཛད་སྤྱོད་འགྲོ་སོང་གི་གཏོང་ཕྱོགས་གཙོ་བོ་ཞིག་ཡིན་པ་དང་། ཁྱིམ་ཚང་ཚང་མས་རང་གི་འདོད་བློ་ལྟར་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་ཀྱི་ཡོད་པས། མི་སེར་ཚོ་ནི་དུས་ཆེན་འཛད་སྤྱོད་ཀྱི་གཙོ་ཤུགས་དམག་ངོ་མ་དེ་རེད”ཅེས་ཀྲུང་གོའི་དངུལ་འབྲེལ་གྲངས་གཞིའི་དབྱེ་ཞིབ་མཁས་ཅན་ཁྲེན་ཧན་གྱིས་བཤད། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་བདུན་རིང་དངུལ་འབྲེལ་གཱ་རྒྱུན་གཏན་རིགས་ཀྱི་འཛད་སྤྱོད་ཐེངས་གྲངས་དུས་མཚུངས་ལས་16.1%འཕར་ནས་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་དང་། དེའི་ནང་བསྡུར་ཚད་བཟུང་ཚད་ཉོ་ཚོང་བསྡོམས་འབོར་ཐེངས་གྲངས་ཀྱི64%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.2མཐོ་རུ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།