འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་མཚོ་སྔོན་མགོ་
    ལོག་ཏུ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 12:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། གེ་སར་རིག་གནས་མགོ་ལོག་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད་ལ་རིག་གནས་པུས་ལག་བསྟར་བྱ་རྒྱུའི་མཆན་འགོད་བཀའ་ལན་ཐོབ་པ་ལས་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལས་དོན་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་རྒྱུ་ཡིན་པ་མཚོན་གྱི་ཡོད།
         མགོ་ལོག་ཀྲོའུ་མཚོ་བོད་ས་མཐོའི་ལྟེ་བའི་རྨ་ཆུའི་ཆུ་འགོ་ཁུལ་དུ་གནས་པ་དང་འཛམ་གླིང་གི་ལོ་རྒྱུས་སྙན་ངག་རིང་ཤོས་《གླིང་སྒྲུང་》དུ་འཁོད་པའི་ཡུལ་ལྗོངས་རྗེས་ཤུལ་དེ་གར་གཅིག་ཏུ་བསྡུས་ཡོད་པ་ལས“ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་རིག་གནས་སྡེ་ཚན་གྱིས་མགོ་ལོག་མངའ་ཁོངས་སུ་གེ་སར་རིག་གནས་ཐོན་ཁུངས་ལ་ཡོངས་བཤེར་བྱས་ཏེ་གཏོར་སྐྱོན་ཕོག་པའི་རང་བྱུང་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྗེས་ཤུལ་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་པ་དང་སྦྲགས། ལྷ་མོ་དང་གཞས་མ་གཏམ་སོགས་ཀྱི་རྣམ་པར་བརྟེན་ནས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་ལོ་རྒྱུས་མཚོན་པའི་སྙན་ངག་གི་གསུང་རབ་གཏམ་རྒྱུད་རྒྱས་བཤད་བྱས་པས་མགོ་ལོག་ཀྲོའུ་རུ་གེ་སར་རིག་གནས་ཀྱི་སྣོད་བཅུད་རྨང་གཞི་བཟང་པོ་ལྡན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལག་བསྟར་བྱེད་ཉེར་ཡོད་པའི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་གྱིས་མགོ་ལོག་ཀྲོའུ་ལྟེ་བར་བྱེད་པ་དང་ཉེ་འཁོར་ལ་ཁྱབ་པ་བྱས་ཡོད། འཆར་འགོད་གཞིར་བཟུང་ཚོད་ལྟ་ཁུལ་གྱིས་གེ་སར་རིག་གནས་མ་ལག་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལ་གཞིས་ཚུགས་ཏེ་སྤྱིའི་འཛུགས་སྐྲུན་བསམ་ཕྱོགས་གཏན་འཁེལ་བྱས་པའི་ནང་དང་ཐོག་སྒྱུ་རྩལ་པ་གཙོ་བོ་སྣ་ཚོགས་རིག་གནས་རྒྱུན་འཛིན་ཁྲོད་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་དགོས་གལ་ཆེ་ཤོས་ཀྱི་གཙོ་གནད་ཁ་གཏད་ལ་བརྩིས་ནས་གེ་སར་གྱི་ལོ་རྒྱུས་མཚོན་པའི་སྙན་ངག་འཕེལ་རྒྱས་ཀྱི་གོ་རིམ་ཆ་ཚང་དང་མགོ་ལོག་ཀྲོའུ་ཡི་ཞིབ་ཕྲའི་ཁྱད་ཆོས་ལ་དམིགས་ཏེ“ནུས་པ—གནས་ཚུལ—འཁྲབ་མཁན”ཕྱོགས་གསུམ་གཞི་གཅིག་ཏུ་བསྡུས་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་རྣམ་པ་གཞིར་བཟུང་རྨ་ཆུའི་ཆུ་འགོའི་གེ་སར་རྟ་རྒྱུག་རྒྱལ་འཇོག་བྱེད་གནས་ལྟེ་བའི་སྲུང་སྐྱོང་ཁུལ་དང་། ཏེར་ཝུན་ལོ་རྒྱུས་མཚོན་པའི་སྙན་ངག་གྲོང་ཚོ—ལུང་སྔོན་དགོན་པའི་ལྟེ་བའི་སྲུང་སྐྱོང་ཁུལ། གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་ལྟེ་བའི་སྲུང་སྐྱོང་ཁུལ། སྙན་པོ་གཡུ་རྩེའི་ལྷ་སྒྲུང་ལྟེ་བའི་སྲུང་སྐྱོང་ཁུལ། གེ་སར་བླ་རི་(གངས་རི་ཨ་མྱེས་རྨ་ཆེན་)སྲུང་སྐྱོང་ཁུལ། པད་མ་མཁར་རྫོང་རིག་གནས—གེ་སར་ལྷ་ཁང་ཚོགས་ཀྱི་སྲུང་སྐྱོང་ཁུལ་གྱིས་གཙོ་བོར་བྱས་པའི“ཁུལ་ཆེན་པོ་དྲུག”བཙུགས་ནས་ཁུལ་མི་འདྲ་བར་རྫོང་ཁག་གི་རིག་གནས་སྣོད་བཅུད་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་སྲུང་སྐྱོང་བྱ་ཐབས་དང་ཐབས་ལམ་གཏན་འཁེལ་བྱས་ཡོད།
         མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ལུའི་ཞ་ཡིས“ཚོད་ལྟ་ཁུལ་གྱིས་བརྒྱུད་ལམ་སྣེ་མང་གི་གྲངས་གཞིའི་མཛོད་སྐྲུན་བཞིན་ཡོད་པ་དང་གེ་སར་རིག་གནས་ཀྱི་དཔེ་དེབ་དང་དེ་བཞིན་སྒྲ་དབྱངས་དང་བརྙན་ལམ་གྱི་དཔྱད་གཞིའི་ཡིག་རིགས་བསྡུ་རུབ་བྱས་ཏེ་གྲངས་གཞི་ཅན་གྱི་སྲུང་སྐྱོབ་བྱས་པ་དང་སྦྲགས་འབྲེལ་ཡོད་ཁྲིམས་འཛུགས་འཕེལ་རིམ་མགྱོགས་སུ་བཏང་བ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དུས་མཚམས་རང་བཞིན་གྱི་འཛུགས་སྐྲུན་བརྒྱུད་མིག་སྔའི་གེ་སར་རིག་གནས་ཁྲོད་འཕྲད་པའི་སྒྱུ་རྩལ་པ་རྒྱུན་ཆད་པའི་གནད་དོན་དང་གེ་སར་རིག་གནས་དང་འབྲེལ་ཡོད་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རྗེས་ཤུལ་གྱི་སྲུང་སྐྱོབ་མཐུན་སྦྱོར་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ཐག་གཅོད་ཐུབ་རེ་ཡོད”ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།