འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅༎འདི་ལོའི་དཔྱིད་གསར་དུས་ཆེན་རིང་ཉེས་དོན་རིགས་ཀྱི་ཉེན་བརྡ་འབྱོར་ཚད་དུས་མཚུངས་
    ལས་21.6%ཆག་འདུག་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན། ཉེ་ཆར་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་སུ་ཉེས་དོན་རིགས་ཀྱི་ཉེན་བརྡ་འབྱོར་ཚད་དུས་མཚུངས་ལས་21.6%ཆག་པ་དང་། རྒྱལ་ཡོངས་ས་གནས་ཁག་གི་བྱེད་སྒོ་སྤེལ་ཡུལ་ཆེ་གྲས་3741ཏུ་བདེ་འཇགས་ལྡན་པའི་ངང་བྱེད་སྒོ་སྤེལ་ཡོད་པ་དང་། A3རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་2000ལྷག་ཙམ་ལ་སྒྲིག་ལམ་ལྡན་པས་འཚང་ཁ་རྒྱག་པ་དང་རྡོག་བརྫིས་གཏོང་བའི་ལས་འཛོལ་ཐོན་མེད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་སྔོན་འགོག་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་ཚོང་ལས་དར་རྒྱས་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། བབས་ཚུགས་དང་གྲུ་ཁ། བྱེད་སྒོ་ཆེ་གྲས་སྤེལ་ཡུལ་སོགས་མི་སྣ་འདུ་འཛོམས་ཆེ་ཁུལ་དུ་ཉེན་ཟོན་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་སྐབས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་ཆོས་ཉིད་དང་ཁྱད་ཆོས་དང་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་མངོན་གསལ་དོད་པོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས“འཕྲོག་པ་གཉིས་རྐུ་བ་གཅིག”དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བྱེད་སྤྱོད་སོགས་ལ་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་རེད། ཟླ་1ཚེས་27ཉིན་ནས་ཟླ་2ཚེས་2ཉིན་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ཡག་པོ་བྱུང་ནས་ས་གནས་ཁག་གི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་བ་དང་། གཙོ་གནད་ཡུལ་སྐོར་གྲོང་ཁྱེར་དང་མཛེས་ལྗོངས་ཁུལ་ཁག་གི་སྒྲིག་ལམ་གོ་རིམ་ལྡན་པས་མེ་སྐྱོན་དང་། འགྲིམ་འགྲུལ། རྡོག་བརྫིས་སོགས་ཀྱི་བདེ་འཇགས་ལས་འཛོལ་ཐོན་མེད་པ་རེད།
         དཔྱིད་གསར་དུས་ཆེན་རིང་མང་ཚོགས་རྣམས་ཕྱིར་སྐྱོད་གཅིག་སྡུད་དང་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་ཚད་མང་དུ་མངོན་གསལ་དོད་པོ་ཕྱིན་པ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྤྱི་བདེ་པུས་ཉིན་ལྟར་བཀོད་གཏོང་བྱས་ནས་དུས་ཐོག་ཏུ་མཐུན་སྦྱོར་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཉིན་རེར་ཆ་སྙོམས་འགྲིམ་འགྲུལ་ཉེན་རྟོག་པ་ཐེངས་ཁྲི་19ཙམ་དང་ཉེན་རྟོག་རླངས་འཁོར་ཐེངས་ཁྲི་6ལྷག་ཙམ་བཏང་བ་དང་། འགྲིམ་འགྲུལ་ཁྲིམས་འཛིན་ཞབས་ཞུའི་ས་ཚིགས་4200ལྷག་ཙམ་སྤྱད་པ་དང་གནས་སྐབས་ལས་སྒྲུབ་ས་ཚིགས་ཁྲི་1.1བཀོད་སྒྲིག་བྱས་ཏེ་གཙོ་གནད་འགྲོ་ལམ་གཤོང་བ་དང་། གཙོ་གནད་དུས་ཚོད་ལ་འགྲིམ་འགྲུལ་སྐོར་ཞིབ། གཙོ་གནད་རླངས་འཁོར་གྱི་བདེ་འཇགས་ལ་ཞིབ་བཤེར་བཅས་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།