འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་རིང་ལྷ་སའི་བོད་ཆས་ཚོང་ཁང་གི་ཚོང་བྲིན་ཁ་རྒྱུག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་05ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན། “ང་ཚོའི་འདི་གར་དར་གོས་རིགས་600ལྷག་ཙམ་དང་ཐེར་མ་དང་སྣམ་བུ་རིགས་100ལྷག་ཙམ་ཡོད། ཉེ་དུས་བོད་ཆས་བཟོ་མཁན་སྐུ་མགྲོན་ཧ་ཅང་མང་པོ་འདུག”ཅེས་ལོ་37ལ་སླེབས་པའི་ཡེ་ཤེས་མཚོ་རྒྱལ་གྱིས་བཤད།
         སྨི་ངོས་གྲུ་120ཙམ་གྱི་ཚོང་ཁང་དུ་ཚོས་མདོག་འདྲ་མིན་སྣ་ཚོགས་ཀྱི་རས་ཆ་དང་བོད་ཆས་སྣ་ཚོགས་གྲལ་འགྲིག་པོས་བསྒྲིགས་འདུག་ལ་LEDཡི་བརྙན་ཤེལ་དུ་མོ་ཐྲོལ་གྱི་འདྲ་པར་བར་མཚམས་མེད་པར་བརྗེ་པོ་རྒྱག་བཞིན་འདུག དར་བཟོ་ཆེ་བའི་བོད་ཆས་སྤྲས་པའི་ཚོང་རྒྱག་མཁན་ན་ཆུང་མཛེས་མ་16གིས་རྒྱུན་ཆད་མེད་པའི་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་མཆིས།
         ཆབ་མདོར་ལས་ཀ་བྱེད་བཞིན་པའི་ལོ་32ལ་སླེབས་པའི་ལི་ཡན་ཕིང་གིས“དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་དང་བསྟུན་ནས་ལྷ་སར་ཕ་མར་ལྟ་ཞོར་དུ་དར་སོ་ཆེ་བའི་མེ་ཏོག་སྔོན་པོས་བརྒྱན་པའི་གོས་ཆེན་གྱི་ཕྱུ་པ་ཞིག་དང་འོག་འཇུག་ཅིག་བཟོ་བར་ཡོང་བ་ཡིན། ལྷ་སའི་གྱོན་ཆས་ཀྱི་བཟོ་ལྟ་ལེགས་ལ་ཚེམ་བཟོ་ཡང་ཡག་ཤོས་རེད”ཅེས་བཤད་བྱུང་།
         རིང་ཚད་སྨི་400ཙམ་ཡོད་པའི་ལྷ་ས་གྲོང་ཁུལ་པེ་ཅིང་ཤར་ལམ་གྱི་བོད་ཆས་ཚོང་ཁུལ་དུ་ཉུང་མཐར་ཡང་བོད་ཆས་ཚོང་ཁང་30ལྷག་ཙམ་ཡོད་པ་དང་བོད་ཆས་ཀྱི་རིན་གོང་ཡང་སྒོར་བཅུ་ཕྲག་ནས་སྒོར་ཁྲི་བར་མི་འདྲ་བ་ཡོད།
         ལྷ་སའི་བོད་ཆས་ཚོང་ཁང་སྣ་ཚོགས་ཕུད། ད་དུང་དྲ་ཐོག་ཚོང་ཁང་ནས་རས་ཆ་ཉོས་ཏེ་ལྷ་སར་བཟོ་བ་ཡང་གཞོན་རབས་ཚོས་བོད་ཆས་འདེམས་ཉོ་བྱེད་སྟངས་ཤིག་ཏུ་གྱུར་ཡོད།
         སྔོན་ཆད་བོད་ཆས་ལེགས་པོ་ཞིག་བཟོས་ཏེ་ལོ་ལྟར་གྱོན་པ་ནས་ད་ཆ་ལོ་ལྟར་ནམ་དུས་གྱི་འགྱུར་བ་དང་དར་སོ་བྱེད་ཕྱོགས་དང་བསྟུན་ཏེ་བོད་ཆས་མང་པོ་བཟོ་ཡི་ཡོད། བོད་རིགས་མང་ཚོགས་ཚོས་བོད་ཆས་བཟོ་བའི་དང་དོད་ལ་གང་ས་ཅི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།